[A:74a]གཉེན་བཟང་ལ་ལུང་ཐོབ་བྱོས༎ རྒ་ནད་དབུལ་བས་སྡུག་བསྔལ་བའི༎ མི་རྣམས་ཀྱི་ནི་མགོན་སྐྱབས་ཀྱིས༎ དེ་ལྟར་ཁྱོད་ཀྱིས་བསྒྲུབས་གྱུར་ན༎ ཡོན་ཏན་གེགས་
ཀྱི་ལས་སྒྲིབ་སེལ༎ རྟེན་འབྲེལ་འགྲིག་ནས་ཚེ་འདི་ལ༎ ཡོན་ཏན་རྒྱ་ཆེན་སྐྱེ་འགྱུར་ཏེ༎ འཇིག་རྟན་གསུམ་གྱི་མགོན་པོ་དང་༎ འགྲོ་བའི་ཡིད་བཞིན་ནོར་བུར་འགྱུར༎ བྲག་གནས་རྡོ་རྗེའི་རྩེ་
འདྲས་རྒྱན༎ མཐོ་བའི་དགོན་པར་སྐྱེ་བོ་རྣམས༎ བྱང་ཆུབ་སེམས་མཆོག་ལ་བཀོད་ན༎ སྡིག་སྤྱོད་རྒྱལ་པོས་གནོད་མི་འགྱུར༎ བློ་ལྡན་གོང་ནས་གོང་དུ་འགྲོ༎ ཞེས་ལུང་བསྟན་ཐོབ། དེར་
ཆོས་རྒྱལ་རིགས་ལྡན་སོགས་བཀའ་རྒྱུད་ཀྱི་བླ་མ་རྣམས་ཀྱང་བྱོན་ནས་ཐུགས་དམ་དབུ་ཐོག་ཏུ་བཞག་སྟེ། དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱིས་འགྲོ་བ་ལ་ཕན་ཐོགས་པར་ལུང་བསྟན། དེ་ནས་གསེར་
སྡིངས་སུ་ཞི་བའི་སྦྱིན་བསྲེག་བརྒྱ་རྩ་མཛད། གོ་དགུ་བ་པ་ཧོར་དམག་བོད་དུ་ལྷགས་དུས་སེམས་ཅན་མང་པོའི་སྲོག་བསྐྱབས། བཟང་སྨན་གྲུབ་གླིང་གི་དགོན་པ་བཏབ། འགྲོ་མགོན་འཕགས་
པ་དང་མཆིམས་ཆེན་པོ་ནས། རྫ་ཆུང་མ་ལ་ཆུ་རྡེའུ་དཀའ་ཐུབ་ཞུབ་པ་ཡན་ལ་བླ་མ་གྲངས་མེད་པ་བསྟེན། བོད་དུ་འགྱུར་རོ་འཚལ་གྱི་ཆོས་ཇི་སྙེད་པ་གསན་ཞིང་ལན་རེ་གཟིགས་པ་ཙམ་གྱིས་