[A:74b]མཁྱེན་པས་ཀུན་མཁྱེན་དུ་གྲགས་ལ། ཉིན་མཚན་གྱི་སྣང་བ་མཐའ་དག་འོད་གསལ་ཁོ་ནར་འཆར་བས། འགྲོ་མགོན་འཕགས་པས་ཆོས་སྐུ་འོད་ཟེར་དུ་མཚན་གསོལ། འདོལ་ཆུང་ཆོས་འཁོར་ཆེན་
མོའི་དུས་སྡེ་སྣོད་འཛིན་པ་རྒྱ་མཚོའི་དབུས་སུ་སྣ་བའི་སེང་གེར་གྱུར་ཅིང་སྙན་པས་ས་ཐམས་ཅད་ཁྱབ། རྣམ་རྒྱལ་འཁོར་ཆེན་བདེ་དགྱེས་འདུས་པ་དུས་འཁོར་སོགས་ཐུགས་དམ་གྱི་ལྷ་དཔག་ཏུ་
མེད་པའི་ཞལ་གཟིགས། ཕར་ཕྱིན་སྤྱོད་འཇུག་གསུངས་ཚེ། གང་འདིར་སྟོན་པ་ཆོས་ཀྱི་ཆར་འབེབས་ཀྱིས༎ གང་དག་ཉན་པར་འདོད་པ་འདིར་ཤོག་ཅིག། ཅེས་གསུངས་པ་ན། སྐུའི་སྒོ་ཐམས་
ཅད་ནས་འོད་ཟེར་སྣ་ཚོགས་འགྱེད་ཅིང་བསྡུད། གཞན་གྱིས་བལྟས་ན་གཏི་མུག་གི་བག་ཞད་ཆེ་བ་ཅིག་འདུག་ནའང་ཁོ་བོ་ལ་དགེ་སྦྱོར་གྱི་བོགས་སུ་འགྱུར་བ་ཅིག་གདའ་གསུངས་ནས་མནལ་བར་མཛད།
ཁོ་བོ་རྨི་ལམ་རང་རྒྱུད་པ༎ རྨི་བ་ཡོང་ཡེ་མ་དྲན་ཞིང་༎ བཤད་ཉན་སྒོམ་ལ་སྒྲིབ་པ་ལྔས༎ སྒྲིབ་པ་ནམ་ཡང་འབྱུང་མ་ལགས༎ ཞེས་གསུངས། མཉམ་རྗེས་ཀྱི་དབྱེ་བ་མེད་པར་མཉམ་གཞག་
འབའ་ཞིག་གིས་དུས་གདའ། མྱང་ཆུ་ལ་མ་བྱིང་བར་ཞབས་ཆུ་ལ་རེག་ཙམ་མཛད་དེ་བྱོན། གསེར་སྡིངས་སུ་གཙུག་ལག་ཁང་བརྩིགས་པའི་ཚེ་ས་སྐམ་པོ་ལས་ཆུ་རྡོལ། བསམས་ན་ཤེས་པ་ཙམ་ལས་