R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 75b
[A:75b]ཐུགས་རྗེ་བརྩོན་འགྲུས་སུ་བཏགས། ཉི་ཤུ་བ་ལ་གཡས་རུ་ཕྱི་འབྲུམ་དགོན་གསར་དུ་ལྷ་བཙུན་བསོད་ནམས་སྙིང་པོས་མཁན་པོ། མདོག་ལྷོད་པ་ཤཱཀྱ་བྱང་ཆུབ་ཀྱིས་ལས་སློབ། བསོད་བློ་བས་
གསང་སྟོན་མཛད་ནས་དད་པའི་དགེ་སློང་ལྔ་བཅུའི་དབུས་སུ་བསྙེན་པར་རྫོགས། ཀུན་མཁྱེན་ཆོས་སྐུ་འོད་ཟེར། འགྲོ་མགོན་འཕགས་པ། སངས་རྒྱས་འབུམ། ཤངས་པ་དཀོན་བརྩེགས། ལྷ་
བཙུན་དགོན་གསར་པ། རྡོ་རྗེ་འཇམ་དབྱངས་པ། རིགས་པའི་སེང་གེ མདོག་ལྷོད་པ། མཁན་ཆེན་མཆིས་པ། མཁས་པ་གཉན་སྟོན་ལ་སོགས་པ་བླ་མ་དམ་པ་རྣམས་བསྟེན། མདོ་མངས།
བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། མངོན་པ་གོང་འོག ཚད་མ་སྡེ་བདུན། རིགས་གཏེར། ཀ་ལཱ་པ། སྨྲ་སྒོ་མཚོན་ཆ། འདུལ་བ་མདོ་རྩ། ལུང་སྡེ་བཞི། འབུམ་ཉི་ཁྲི། བརྒྱད་སྟོང་བ། སྡུད་
པ། དེ་དག་གི་རྒྱ་འགྲེལ། སྤྱོད་འཇུག བསླབ་བཏུས་རྣམས་གསན་ཞིང་མཁས་པར་སྦྱངས། ཁྲོ་ཕུ་བ་ལ། བདེ་ཆེན་རལ་གཅིག་སོགས་ཁྲོ་ཕུ་བའི་ཆོས་རྣམས་གསན། མ་འོངས་པ་ན་ཇོ་ནང་དུ་ཡུན་རིང་དུ་བཞུགས་ན་བསྟན་པ་ལ་ཕན་ཞེས་ལུང་བསྟན། འགྲོ་མགོན་ཕྱག་ན་གཤེགས་པའི་ཆོས་འཁོར་གྱི་ཚེ་ལུང་རིགས་སྨྲ་བའི་མཆོག་ཏུ་གྲགས། དེའི་དུས་ན་རྟོག་གེ་ལ་ཆུ་མིག་པ་སེང་གེ་དཔལ་མཁས་