R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 77b
[A:77b]འདིར་བྱུང་ཞེས་སྒྲོག་པ་གསན། དེར་ཇོ་མོ་ནགས་རྒྱལ་མ་བྱུང་སྟེ། ཁྱེད་ལ་གནས་ལེགས་པ་ཅིག་འབུལ་ཞེས་ཞུ་བ་ལ་ལོ་གསུམ་ན་འབྱོན་པར་ཞལ་གྱིས་བཞེས། སྦྱོར་དྲུག་རྫོགས་པར་སྟོན་པ་
བཀའ་གཉན་པར་བྱུང་བས་ལྷ་སར་བྱོན་ནས། ཇོ་བོ་རྣམ་གཉིས་ཁྱད་པར་དུ་བཅུ་གཅིག་ཞལ་གྱི་དྲུང་དུ་ཉིན་མཚན་དུ་གསོལ་བ་དྲག་ཏུ་བཏབ་པས། ཁྲིད་ཡིག་བྲི་བ་དང་། ཁྲིད་རྫོགས་པར་བསྟན་པས་
འགྲོ་ཕན་རྒྱ་ཆེན་པོ་འབྱུང་བའི་གནང་བ་ཐོབ། དེ་ནས་ལྷུན་པོ་རྩེ་སོགས་གཡས་རུ་རི་ཁྲོད་དུ་སྒྲུབ་པ་མཛད། དེ་ནས་ཇོ་མོ་ནང་དུ་ཕེབས་མ་ཐག་གདུལ་བྱ་འུར་ཏེ། གཙོ་བོར་དུས་འཁོར་རྒྱུད་འགྲེལ་གྱི་དུས་
ཆོས་གསུང་ཞིང་སློབ་མ་བརྒྱ་སྟོང་མང་པོ་ལ་སྦྱོར་དྲུག་གི་ཁྲིད་ཚན་ལྔ་དྲུག་དུས་མཉམ་དུ་གནང་། ཁྱད་པར་དུ་མཁའ་སྤྱོད་བདེ་ལྡན་དུ་བྱོན་པའི་ཚེ། ཆོས་རྒྱལ་རིགས་ལྡན་སོགས་བཀའ་རྒྱུད་ཀྱི་བླ་མ་རྣམས་
བྱོན་ནས་བྱིན་བརླབས་དང་ལུང་བསྟན་མཛད། སེ་མཁར་ཆུང་དུ་ཐོག་མ་དང་། སེང་གེ་རྫོང་དུ་བར་དང་། གནས་དེར་མཐའ་མར་དགེ་བའི་མཚན་མ་ཐོབ་ནས་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་རྩ་འགྲེལ་དང་།
ཐོག་མཐའ་བར་དགེའི་ཁྲིད་ཡིག་མཛད། དགེ་བའི་བཤེས་གཉེན་དཔག་ཏུ་མེད་པ་འདུས་པ་ལ་དུས་ཀྱི་འཁོར་ལོ་གཙོ་བོར་གྱུར་བའི་གསང་སྔགས་གསར་རྙིང་གི་དབང་བསྐུར། རྒྱུད་འགྲེལ་གྱི་བཤད་