[A:78a]པ། མན་ངག་གི་ཁྲིད་རིམ་རྣམས་རྒྱ་ཆེར་སྩལ། ས་སྐྱ་དཔོན་སློབ་སོགས་སྐྱེ་བོའི་ཚོགས་མང་པོ་ལའང་སོ་སོའི་སྐལ་བ་དང་འཚམ་པར་ཆོས་ཀྱིས་ཚིམ་པར་མཛད་པས་ཇོ་ནང་
བ་ཆེན་པོ་ཞེས་ཕྱོགས་ཀུན་ཏུ་གྲགས་པར་གྱུར། ཆུ་ཕོ་བྱི་བ་ལོ་ལ་མར་མེ་འཆི་ཁར་གསལ་བྱ་བ་ཡིན་གསུང་སྐུ་ཁམས་བཟང་བའི་ངང་ནས་སློབ་མ་རྣམས་ལ་ཆོས་རྣམས་རྫོགས་པར་གཏད། དེ་ནས་
དགུན་སྨད་སྐུ་ཚེའི་འདུ་བྱེད་བཏང་ཡང་བྱང་སེམས་རྒྱལ་བ་ཡེ་ཤེས་པ་གདན་ས་ལ་བསྐོ་བའི་ཆེད་དུ། སྲོག་རྩོལ་ལ་བརྟེན་ནས་འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ། ཟླ་བ་ཕྱེད་ཙམ་ན་བྱང་
སེམས་པ་ལ་མགུར་ཆམ་བྱུང་ཡོད་པ་ལ་ཕན་ན་མྱུར་དུ་ཤོག་གསུངས་པས་བྱོན་པ་ན། ང་ད་ལོ་མེ་ཏོག་ཁྲ་ཆིལ་བའི་དུས་ལ་འཆི་རྩིས་ཡིན་པ་ལ་མདང་ཞག་གློ་བུར་དུ་རྩ་བསྡུས་པ་ཅིག་བྱུང་། ངེད་
འཆི་དུས་ཁྱེད་དང་འཕྲད་དགོས་པ་ལ་མ་བསླེབས་པས། ང་དུས་ཀྱི་འཁོར་ལོའི་རྣལ་འབྱོར་བ་ཡིན། ཁྱེད་ཀྱིས་བརྟུངས་ན་ངས་བསྲིངས་པ་ཆོག་སྙམ་དུ་རླུང་སྦྱོར་འགའ་བྱས་པས་རྩ་སོར་ཆུད་དེ་འཆི་
བ་བླུས་བདོག་གསུང་། སྐུ་ཁམས་བཟང་ཞིང་ཕྱག་རྩ་བདེན་གཤེགས་པའི་རྟགས་ཅི་ལགས་ཞུས་པས། རླུང་སེམས་ལ་དབང་ཐོབ་པ་འགྲོ་བ་ལ་རྟགས་ཅི་དགོས། དོ་ཞག་ངས་བར་དོར་ཕྱིན་