R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 82b
[A:82b]ཆོས་ཐོན་པའི་རྗེས་སུ་ཞུས། དེ་ནས་ཡི་གེར་བཏབ་ནས་ཆོས་ཐོག་ཕྱི་མ་ལ་དེ་རྣམས་མཐུན་མི་མཐུན་པ་བལྟས་ཤིང་མཐུན་པ་བྲིས། དཔེ་ཆུང་དགོས་པ་ཐམས་ཅད་ཞིབ་པར་བཀོད། ཕྱག་ལེན་དཀའ་བ་འགག་
ཐམས་ཅད་དང་། ཐ་ན་རྡོར་དྲིལ་འཇོག་ལུགས་དང་ཕྲེང་བ་ཁྱེར་ལུགས་ཚུན་ཆད་ལ་དྲི་གཏུག་ཞིབ་པར་མཛད་ནས། བླ་མའི་གསུང་གིས་ཁྱོད་འཕགས་རྒོད་ཡག་མ་བྱ་བ་རྩ་བ་ལྡུམ་བུ་བཞིན་མ་བཅད་པར་
ཡེ་མི་ཉན་པའི་མི་ཡིན་གྱིས། དྲིས་ཤིག་གསུངས་ནས་ལན་ལེགས་པར་བཏབ། ཆོས་རྡོ་རུས་ཐུག་པ་ཞིག་བསླབ་ན་དྲི་བ་དེ་ལྟ་བུ་དགོས་པ་ཡིན། གཞན་ང་རང་ལས་མཁས་པ་ཀ་ངའི་རྩར་ཡོང་གི་འདུག
དྲི་བ་དེ་ལྟ་བུ་བྱེད་པ་རང་མ་བྱུང་གསུངས་ནས་མཉེས་ཚོར་ཆེན་པོ་ཡང་མཛད། ཤམ་འབར། ཁྲོ་དགོན། ཤར་དགོན། གནམ་རྩེ་ལྡང་། གནས་མོ་ཆེ་ལ་སོགས་གང་དུ་བཞུགས་པར་ཕྱག་ཕྱིར་འབྲངས་
ནས་རྒྱུད་འགྲེལ་མན་ངག་དང་བཅས་པའི་དོན་ལ་ཞུ་གཏུག་མཛད། ཁྲིད་ཞུས་པས་ཉམས་རྟོགས་ལ་བོགས་ཐོན། གཞན་ཡང་དབང་མདོར་བསྟན། སྒྲོམ་ལྡེ། མན་ལུངས་པའི་སྦྱོར་དྲུག་སོགས་གསན། ཀུན་སྤངས་པ་གཤེགས་རྗེས་ཇོ་མོ་ནང་དུ་བྱོན་པས། བྱང་སེམས་རྒྱལ་ཡེས་ཀྱིས་དབོན་པོ་རྣམས་སྤྲད་ནས་དུས་འཁོར་གྱི་སློབ་གཉེར་ཁྲིད་དུ་བཅུག དེར་དུས་འཁོར་ལ་མཁས་པའི་དགེ་བཤེས་མང་དུ་