R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 82a
[A:82a]འདུག་པས་སྔོན་ལ་འདི་ཉོན་ཅིག་གསུང་། ཐུགས་ལ་བཏགས་པ་ཡིན་སྙམ་ཏེ་ཉན་པ་དང་དེའི་འཕྲོ་ཅུང་མ་ཚར་བ་ལ་ཁྱེད་ཡི་གེ་འདྲི་བ་ཁོ་ན་ལ་བོས་པ་མིན་ད་རེས་ཁྲིད་
འདི་ལ་ཞུགས་ཤིག་གསུང་པས་ཁྲིད་ལ་ཞུགས། བཀའི་འཕྲོ་ལ་རྒྱུན་འཐུང་ནས་ལོ་གསུམ་ལ་ཁྲིད་རྫོགས་པར་མཛད། ཁྱེད་རང་འདོད་ཅིང་མི་བདེ་བ་བྱུང་ན་ཞུ་བ་སུ་བྱུང་གི་ཟླ་ལ་ཤོག་གསུང་ནས་སྔ་
ཕྱིར་ཁྲིད་ཚར་བ་ལན་བདུན་ཞུས། ཕྱག་ལེན་ཐམས་ཅད་ལེགས་པར་སྦྱངས། གསུང་སྒྲོས་རྣམས་ཟིན་བྲིས་སུ་མཛད། འཁྲུལ་འཁོར་དགོས་པ་རྣམས་དཔེ་ཆུང་དུ་བྲིས་ཏེ་ལེགས་པར་གཏན་ལ་ཕབ་
ནས་བླ་མ་ཉིད་ལ་བཞུགས་པའི་སྦྱོར་དྲུག་གི་སྐོར་དྲུག་གི་སྐོར་ཐམས་ཅད་མ་ལུས་པར་གསན། དེའི་དུས་སུ་ད་དུང་བདག་དུས་འཁོར་འདི་ལ་སློབ་གཉེར་ཅིག་བྱེད། སྒྲ་ཚད་ལ་མཁས་པར་གྲགས་ཆེ་བས་དེར་
འགྲོ་བར་ཞུ་ཞུས་པས། དེ་ཀུན་ཤེས་རབ་ཆེ་ཡང་ཤེས་རབ་ཀྱི་རྩལ་གྱིས་བཤད་པ་ཡིན་བརྒྱུད་པའི་མན་ངག་དང་མི་ལྡན། རྭ་འབྲོ་གཉི་གའི་མན་ངག་གི་གཏུགས་ས་ཡིན་པས་རོང་དུ་རྒྱུག་ཅིག་གསུང་
པས་བླ་མ་ཤེས་རབ་སེང་གེའི་དྲུང་དུ་བྱོན་ཏེ། དབང་ཞུས་ནས་རྒྱུད་འགྲེལ་ལ་སྦྱངས་པ་མཛད། དཀའ་གནས་ལ་བཤད་པ་གཟབ་པ་བྱུང་ཙ་ན་འཕྲལ་དུ་གླེགས་ཤིང་ལ་ཡི་གེར་བྲིས། དེའི་འཕྲོ་རྣམས་