[A:83b]གསན། སྤྱི་བོ་ལྷས་སུ་འཆད་ཉན་མཛད། ཇོ་མོ་ནང་དུ་ཀུན་སྤངས་ཆེན་པོ་ལ་སྦྱོར་དྲུག་གསན་ཏེ་སང་དངོས་གཞི་ལ་འཇུག་པའི་ནུབ་མོ་གནས་པོ་དང་གསུང་གླེང་མཛད་ཅིང་། ཕར་ཕྱིན་དང་སྦྱོར་དྲུག་
ས་མཚམས་དང་སྒོམ་ཚུལ་འདྲ་བར་འདུག་གསུངས་པས། སང་ཆོས་ལ་བྱོན་དུས་ཁྱེད་གཉིས་ཕར་ཕྱིན་དང་སྦྱོར་དྲུག་མཚམས་སྦྱོར་བ་ལས་བསྒོམས་ན་རང་ཁེ་ཆེ་བ་ཡིན་ཏེ་གསུང་དུ་བྱུང་། བསྒོམས་
པས་རྟགས་རྣམས་རྫོགས་པར་འཁྲུངས། དེ་ནས་སྒྲོ་སྨོན་ཅན་གྱི་གདན་སར་བཞུགས། ལྷག་པའི་ཚུལ་ཁྲིམས་གཙང་། བྱང་ཆུབ་ཀྱི་ཐུགས་འབྱོངས། ཡི་དམ་གྱི་བསྐྱེད་རིམ་བརྟན། བླ་མ་དོན་ཡོད་
རྒྱལ་མཚན་དཔལ་བཟང་པོ་སོགས་མི་ཆེན་པོ་མང་པོའི་བླ་མ་མཛད། ཕག་ལོ་ཧོར་ཟླ་བཞི་པའི་ཉེར་གཉིས་ལ་གཤེགས་སོ༎ དེ་ལ་དཔལ་ལྡན་བླ་མ་དམ་པས་གསན་ཏོ༎ ༎ ༡༡ བྱང་སེམས་རྒྱལ་བ་ཡེ་ཤེས།
ཀུན་སྤངས་ཆེན་པོའི་ཐུགས་སྲས་ཀྱི་མཆོག་བྱང་སེམས་རྒྱལ་བ་ཡེ་ཤེས་ནི། ཡུལ་ཁམས་ཀྱི་རྟའི་རྔོ་མདོར། ཡབ་ཡོན་ཏན་ཤེས་རབ། ཡུམ་བཟང་མོ་ཞེས་པའི་སྲས་སུ་མེ་མོ་སྦྲུལ་ལ་འཁྲུངས།
ཆུང་ངུའི་དུས་སུ་ཆོས་རྗེ་ཀརྨ་པ་ཤིས་ཕ་དེ་མི་འདོད་བཞིན་དུ་བླངས་ནས། བློ་གྲོས་སེང་གེ་དང་། མདོག་ཤཱཀྱང་བྱང་ཆུབ་ལས་རབ་ཏུ་བྱུང་། ཀརྨ་པ་ཤི་ལ་ཀརྨ་པའི་ཆོས་སྐོར་མཐའ་དག་གསན། དེ་