[A:84a]ནས་དབུས་སུ་ཕེབས་ནས་མཚུར་ཕུར་ཀརྨ་པའི་གསོལ་ཀ་པ་ཡང་མཛད། ཀརྨ་པའི་རི་ཁྲོད་འགྲིམ་ཞིང་རྩེ་གཅིག་ཏུ་བསྒོམས་ཤིག་དོན་གཉིས་འགྲུབ་པོ་ཞེས་ལུང་བསྟན། དེ་ནས་
གསང་ཕུར་འོད་ཟེར་མགོན་པོ་དང་། ཟུལ་ཕུ་བ་བསོད་ནམས་རིན་ཆེན་ལས་བསྙེན་པར་རྫོགས་ཤིང་། མདོ་རྩ། ཕར་ཕྱིན། སྤྱོད་འཇུག་རྣམས་གསན། གཡའ་ལུང་པ་ལས་བྱམས་པའི་ཆོས་ལྔ། མངོན་
པ། ལམ་རིམ་གསན། ཆོས་རྒྱལ་འཕགས་པ་ལས་སེམས་བསྐྱེད། བདེ་མཆོག མཱ་ཡཱ་སོགས་གསན། འཇམ་དབྱངས་བཞི་ཐོག་པ་ལས་དུས་འཁོར་རྒྱུད་འགྲེལ། འཕགས་སྐོར། བདེ་དགྱེས། འཇིགས་
བྱེད། རིགས་ཚོགས་རྣམས་གསན། དུས་འཁོར་བ་ཡེ་ཤེས་རིན་ཆེན་ལ་དུས་འཁོར་རྒྱུད་འགྲེལ་གསན། ཁ་ཆེ་པཎྜི་ཏ་བི་མ་ལ་ཤྲཱི། གྲུབ་པ་དཔལ། གྲགས་ཆེན་པ་སོགས་བླ་མ་མང་པོ་ལས་སྡེ་སྣོད་རྒྱུད་
སྡེའི་བཀའ་ལུང་ཕལ་ཆེ་བ་གསན། ཁྱད་པར་ཇོ་ནང་དུ་ཀུན་སྤངས་ཆེན་པོ་གཙོ་བོར་བསྟེན་པས། དུས་འཁོར་སོགས་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་། མངོན་ཤེས་ལྔ་གྲུབ། ང་བདུན་
པ་ལ་ཇོ་མོ་ནང་གི་གདན་སར་བཞུགས་ནས་ཆོས་འདི་གཙོ་བོར་བཏོན་པའི་འཕྲིན་ལས་རྒྱས་པར་མཛད། དགའ་ལྡན་པ་ཀུན་བསོད་ལ་སོགས་པ་དགེ་བའི་བཤེས་གཉེན་ཆེན་པོ་མང་པོ་དང་། དཔོན་ཆེན་