R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 86a
[A:86a]ལ་ཤར་པ་ཡེ་ཤེས་རྒྱལ་མཚན་ལ་དགེ་བསྙེན་མནོས། མཚན་ཡང་ཐུགས་རྗེ་དཔལ་དུ་བཏགས། བཅོ་ལྔ་པ་ལ་མདར་དུ་མདར་བྱང་སྐྱབས་ཀྱི་གྲ་སར་བྱོན། སྦྱང་སྟོན་རྡོ་རྗེ་རྒྱལ་
མཚན་གྱིས་མཁན་པོ། ཡོན་ཏན་དཔལ་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་། མཚན་ཐུགས་རྗེ་རྒྱལ་མཚན་དུ་བཏགས། མངོན་པ་ཀུན་ལས་བཏུས། རྣམ་ངེས། རིགས་གཏེར་རྣམས་མཁས་པར་སྦྱངས། དེ་
ནས་ས་སྐྱར་བྱོན་ཏེ་འཇམ་དབྱངས་བཞི་ཐོག་པ་ལ་གཏུགས། ཁོང་གིས་བུ་སྟོན་ཀུན་བཟང་དཔལ་ལ་སྤྲད། ཕར་ཕྱིན་འཇམ་གསར་ལུགས་སློབ་ཏུ་བཅུག་པས་འཕྲལ་དུ་མཁྱེན། བཞི་ཐོག་པ་མཉེས་ཏེ།
དེ་རིང་ཆོས་ཁྲི་ཁར་འབུལ་བ་གང་བྱུང་ཡང་ཁྱེད་ལ་སྟེར་བས་ངའི་ཆོས་ཁྲིའི་སྟེང་དུ་བསྡོད། འབུལ་བ་ཆེ་ཆུང་ཁྱེད་རང་གི་བསོད་ནམས་ལ་རག་ལས་སོ་གསུང་པ་ལ། དེར་ཁམས་པ་གཅིག་གིས་དབུ་ཞྭ། གསོལ་
ཞལ་སྡེར། བེར་ཐུལ། ཇ་སྡུམ། གོས་ཕྱི་ནང་། པར་ཐང་ཁྲ་བོ། མཛོ་སོགས་འབུལ་བ་བྱུང་བས་སྐུ་བསོད་ཆེ་བར་གྲགས་སོ༎ བཞི་ཐོག་པའི་དྲུང་དུ་ཕྱི་ནང་གི་རྒྱུད་སྡེ་མང་དུ་གསན། དུས་འཁོར་བ་ཡེ་ཤེས་
རིན་ཆེན་རྒྱ་ཡུལ་ལ་འབྱོན་པའི་ཕྱག་ཕྱིར་བྱོན་ཏེ། ལོ་ངོ་བཞི་ལ་ས་སྐྱར་ཕེབས། བཞི་ཐོག་པ་ལ་དུས་འཁོར་རྒྱུད་འགྲེལ་དབང་དང་བཅས་པ་དང་། བརྟག་གཉིས་ཕྲན་དང་བཅས་པ་གསན། གྲུབ་པ་དཔལ་