R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 90a
[A:90a]ཅན་དུ་བཞུགས་ནས་རི་ཆོས་ངེས་དོན་རྒྱ་མཚོ། མངོན་རྟོགས་རྒྱན་དང་རྒྱུད་བླའི་ཊཱི་ཀཱ་སོགས་མཛད། གོང་མ་ཐོ་གན་ཐི་མུར་གྱིས་གདན་འདྲེན་དུ་མངགས་པའི་གསེར་ཡིག་
པ་བྱུང་དུས། གསང་དམ་པོས་ན་ཐུང་ངུ་གཉིས་སྔགས་པའི་ཆ་ལུགས་མཛད་ནས་རྟ་མགྲིན་གྱི་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པས་གསེར་ཡིག་པ་བཟློགས། ས་སྐྱ། ངམ་རིངས། བཟང་ལྡན། ཆུ་
བཟང་རྣམས་སུ་སྔ་ཕྱིར་དགེ་འདུན་གྱི་ཚོགས་ཆེན་པོ་ལ་དུས་འཁོར་ལ་སོགས་པའི་ཆོས་ཀྱི་འཁོར་ལོ་ཟླ་མེད་པ་བསྐོར། དགའ་ལྡན་ལྷ་ཁང་དུ་དབུ་མ་བསྟོད་ཚོགས་གསུངས་དུས་མེ་ཏོག་གི་ཆར་ཆེན་པོ་བབ།
རིན་ཆེན་སྡིངས་དང་ལྷ་རྩེར་སྐུ་མཚམས་དམ་པོ་མཛད། ཇོ་མོ་ནང་དུ་དུས་འཁོར་གྱི་དར་དཀྱིལ་ཆེན་མོ་འཁྲུལ་སངས་གྲུབ། རྟ་ལོ་ལ་ལོ་ཙཱ་བ་སྐུ་གཤེགས་རྗེས་ཆོས་རྗེ་ཕྱོགས་རྒྱལ་བ་གདན་སར་བསྐོས། གཙང་ཚོ་
གསུམ་པོར་ལོ་གསུམ་དུ་ཆག་པས་ལོ་ཐོག་བཅོམ་པ་ལ་བཀའ་ཤོག་བསྒྲགས་པ་ཙམ་གྱིས་གནོད་པ་ཞི། སྣར་ཐང་དུ་དགེ་འདུན་གྱི་ཚོགས་ཆེན་པོ་ལ་རྒྱུད་འགྲེལ་དང་རྒྱས་འབྲིང་བསྡུས་གསུམ་སོགས་
ཆོས་མང་དུ་གསུངས། བདུན་ཅུ་པ་ལ་ནུབ་ཆོས་ལུང་དུ་ཕེབས་ཏེ་དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་དང་མཇལ། བཀའ་བསྡུ་བཞི་པ་རྩ་འགྲེལ་གནང་། དཔལ་ལྡན་བླ་མ་ལ་ཇོ་མོ་