R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 90b
[A:90b]ནང་དུ་གདན་ས་བ་ཅིག་བསྐོ་བར་ཞུས་པས་དཀོན་མཆོག་རྒྱལ་མཚན་པ་བསྐོས། རྭ་ལོའི་དབོན་པོ་ཀུན་དགའ་འཕེལ་སོགས་ལ་དབང་ཁྲིད་གནང་། དུ་དབེན་ཤྲཱི་དྷརྨ་ཀཱིརྟིས་གོང་མའི་ལུང་དང་གནང་
སྦྱིན་བཟང་པོ་ཕུལ། དེ་ནས་ཁུ་ལུང་མདའི་གནས། བདེ་གནས། ངུར་མིག བྱེ་མ། ཙ་དབྱེ། ཚ་མིག དགེ་འདུན་སྒང་། གཞུ་ཀུ་ན་ར། གནམ་ཁྲི་ཚང་། དབུ་རི། གནམ་རྩེ་ལྡང་།
སྟོད་ཀླུངས་རྣམ་རྒྱལ། དཀྱིལ་འཁོར་གདིངས། དབེན་ཚ་ལྟག་རྣམས་ལས་རིམ་གྱིས་བརྒྱུད་དེ་ལྷ་སར་ཕེབས། གནས་སོ་སོར་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསུ་བ་དང་བསྙེན་བཀུར་
མཐོན་པོ་མཛད་པ་ལ། དུས་འཁོར་གྱི་དབང་རྒྱུད་མན་ངག་དང་བཅས་པ་གནང་། སྐྱེ་བོའི་ཚོགས་སྟོང་ཕྲག་མང་པོ་སེམས་བསྐྱེད་སོགས་ཐེག་པ་ཆེན་པོའི་ཆོས་ཀྱིས་ཚིམ་པར་མཛད། ལྷ་སར་ཟླ་བ་
བདུན་གྱི་བར་དུ་བཞུགས་ཏེ། ཇོ་བོའི་དྲུང་དུ་མཆོད་པའི་སྤྲིན་རྒྱ་མཚོས་མཆོད་ནས་བསྟན་པ་དང་སེམས་ཅན་ཁོ་ནའི་ཆེད་དུ་སྨོན་ལམ་འདེབས་ཤིང་དབུས་ཕྱོགས་ཀྱི་མཁས་པ་ཕལ་མོ་ཆེ་འདུས་
པ་ལ། དུས་ཀྱི་འཁོར་ལོའི་དབང་རྒྱུད་འགྲེལ་མན་ངག ངེས་དོན་གྱི་མདོ་བསྟན་བཅོས་མང་པོ་གནང་། བསྐོར་ལམ་རྣམས་ཀྱང་ཁྲིད་པའི་ཉམས་འུར་གྱི་གར་གྱིས་བཀང་། ཚལ་དང་གུང་ཐང་