R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 91a
[A:91a]རྣམས་སུ་ཡང་ཐེགས། ཚལ་པ་ཁྲི་དཔོན་དང་གཞོན་རྒྱལ་དུ་དབེན་ཤྭ་སོགས་དཔོན་སྐྱ་མང་པོ་ཡང་དག་པའི་ལམ་ལ་བཀོད། སྐྱེ་བོའི་ཚོགས་
འབུམ་ཕྲག་མང་པོས་སེམས་བསྐྱེད་དེ་བྱང་ཆུབ་ཏུ་སྨིན་པར་མཛད། ལྷ་རྣམས་ཀྱི་མེ་ཏོག་གི་ཆར་འབེབས་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། ཆོས་ལུང་ནས་བརྩམས་ཏེ་འདི་ཡན་ལ།
སོར་བསམ་གྱི་ཁྲིད་ཐོབ་པས་ཉམས་རྟོགས་བཟང་པོ་དང་ལྡན་པ་ཤ་སྟག་སྟོང་ཉིས་བརྒྱ་བྱུང་། དེ་ནས་གཙང་ནས་གདན་འདྲེན་དང་། རྒྱང་མཁར་རྩེ་ནས་དཔོན་འཕགས་པ་དབོན་གཡོག་དང་། ཡར་
འབྲོག་ཁྲི་དཔོན་རྡོར་རྒྱལ་གདན་འདྲེན་ལ་ཕེབས་པས་བྱི་བ་ལོ་ཟླ་བ་གཉིས་པའི་ཚེས་གཅིག་ལ། ཕྱོགས་རིས་ཀྱི་མཇལ་མི་མང་པོ་རྣམས། ར་མོ་ཆེ་ནས་ཉང་བྲན་བྲག་གདོང་གི་བར་ཕྲེང་མ་ཆད་པར་
བསྒྲིགས་པ་ལ། འདོ་ལིའི་སྟེང་ནས་བྱིན་བརླབས་ཚིམ་པར་གནང་དེ་ནས་སྡེ་སྐར་ཆུང་གསང་བ་ལ་སྙེ་ཐང་། རྣམ་རྒྱལ་སྒང་། འུ་ཤང་རྡོ། གྱེ་རེ། ཆུ་ཤུལ་གནས། རབ་བཙུན། གན་པ་གནས་
གསར། གྲ་མ་ལུང་། དཔལ་སྡེ། ཡར་སྲིབ། ཉན་པོ། སྣ་དཀར་རྩེ། ཁ་བོ་གང་བཟང་ཀྱི་མགུལ། ར་ལུང་། ཉིང་རོའི་སྨན་ཆུ་ཁ། གནས་སྙིང་། ལྕང་ར། གནས་དཀར་པོ། གསེར་སྡིངས། ཞྭ་ལུ།