[A:98b]རྒྱུད་བཤད་མན་ངག་དང་བཅས་པ་དང་ཆོས་གཞན་ཡང་མང་དུ་གསན། མན་ངག་ཐུགས་ཉམས་སུ་བཞེས་པས་ཏིང་ངེ་འཛིན་བཟང་པོ་འཁྲུངས་ཏེ། བླ་མ་ལ་ཡིད་ཆེས་བས་རང་གི་བླ་མ་ཐམས་ཅད་ཀྱི་གཙོ་
བོར་འཛིན། ཀུན་མཁྱེན་ཆེན་པོའི་སློབ་མ་བྱང་པ་ཏ་དབེན་པས་ཀུན་མཁྱེན་ཆེན་པོ་དཔོན་སློབ་ལ་ཞལ་ཏ་ཞུས་ཏེ་ངམ་རིངས་ཀྱི་ཆོས་སྡེ་བཏབ། དེར་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་ཐོགས་ཤིག་བཞུགས།
དེ་ནས་རྗེ་འདི་ལ་གཏད་ནས་ཇོ་མོ་ནང་ཉིད་དུ་ཕེབས། རྗེ་འདིས་ཀྱང་ཕར་ཚད་གཙོ་བོར་བཏོན་པའི་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད། སློབ་མ་བློ་གསལ་བ་ཡང་མང་དུ་འདུས། ཕྱིས་བསྟན་པའི་རྒྱལ་
མཚན་པ་ལ་གདན་ས་གཏད་ནས་ཞེ་དགུ་པ་ལ་ཇོ་མོ་ནང་གི་གདན་ས་མཛད། ལོ་ལྔ་ན་གདན་ས་དེ་ཡང་གཏད་ནས་དབུས་སུ་ཕེབས། ཚལ་དབུས་གླིང་དུ་དུས་ཀྱི་འཁོར་ལོའི་དབང་རྒྱུད་བཤད་མན་ངག་གི་
ཁྲིད་རྣམས་སློབ་མའི་སྡེ་ཆེན་པོ་ལ་གསུངས། དེ་ནས་ཡར་ཀླུངས་ཕྱོགས་ལ་ཕེབས། རྡོར་ལོ་ཆེན་བྱང་རྩེ་ལ་མཆོག་དབང་གོང་མ་གནང་། ཁྲ་འབྲུག་ལ་སོགས་པར་བཞུགས་ཏེ་གདུལ་བྱ་དཔག་
ཏུ་མེད་པ་ལེགས་པའི་ལམ་ལ་བཀོད། དེ་ནས་གཙང་ལ་ཐེགས་ཏེ་སེ་མཁར་ཆུང་དུ་བཞུགས། བསྟན་བཅོས་ཀྱང་མང་དུ་མཛད། བརྒྱད་ཅུ་རྩ་གཅིག་པ་མེ་ཕོ་སྟག་ལ་གཤེགས་སོ༎ བདག་