[A:99b]སྒྲུབ་ཀྱི་ཡིག་ཆ་ཡང་མཛད། ཆེན་པོ་ཀུན་གྱི་ཡང་བླ་མར་གྱུར་ཏེ། ཆོས་རྗེ་དེ་བཞིན་གཤེགས་པ་དང་མཐོང་བ་དོན་ལྡན་གཉི་ཀས་ཞབས་ལ་གཏུགས། གྱ་བརྒྱད་པ་ལ་ཉི་ཟླའི་གྲོངས་ལྟས་དྲག་པོ་བྱུང་བ་ན།
སྲོག་རྩོལ་གྱིས་ཞག་གསུམ་ན་བཟློགས་ཏེ། རྒན་པོ་མྱུར་དུ་འཆི་བའི་ལྟས་ཤར་བ༎ རིམ་གྲོ་མན་ངག་ཟབ་མོས་རེ་ཤིག་བཟློགས༎ ལོ་གསུམ་འཚོ་བའི་རྟགས་དང་རྟེན་འབྲེལ་འཛོམ༎ ཞེས་
གསུངས། དགུ་བཅུ་པ་ལ་ཕར་ཕྱིན་ཊཱི་ཀ་མཛད། གོ་གཉིས་པ་ལ་སེམས་འགྲེལ་གསུམ་ལ་གཟབས་བཤད་མཛད། གོ་གསུམ་པ་ཆུ་མོ་གླང་ལ་གཤེགས་སོ༎ དཀའ་བཅུ་པ་པདྨ་བཟང་པོ། དེའི་སློབ་མའི་ཐུ་བོ་གསུམ་
ལས། དཀའ་བཅུ་པ་པདྨ་བཟང་པོས་རྒྱུད་འགྲེལ་གྱི་བཤད་པ་ལན་མང་དུ་གསུངས་ཤིང་ཊཱིཀ་ཆེན་ཡང་མཛད་དོ༎ ཆོས་རྗེ་ཆོས་བཟང་ཉི་མ། ཆོས་རྗེ་ཆོས་བཟང་ཉི་མས། གཡའ་སྣང་རི་ཁྲོད་བཏབ། དུས་འཁོར་གྱི་
བཤད་སྒྲུབ་གཉི་གའི་གྲ་བཙུགས་ཏེ་སྦྱོར་དྲུག་ལ་རྩེ་གཅིག་ཏུ་བྱེད་པའི་སྒྲུབ་པ་མང་དུ་བྱུང་ངོ་༎ འཕགས་ཆེན་བསོད་ནམས་དད་ཀྱིས་བསྙུང་གནས་ཀྱི་སྡེ་བཙུགས་ཤིང་སྦྱོར་དྲུག་གི་འཕྲིན་ལས་
རྒྱས་པར་མཛད་དོ༎ ༎ སངས་རྒྱས་རིན་ཆེན། ལྷ་ཁང་སྟེངས་པ་སངས་རྒྱས་རིན་ཆེན་ནི། མཁས་གྲུབ་ཆོས་དཔལ་བའི་སྲས་སུ་སྣེའུ་མཁར་དུ་ས་མོ་ཡོས་ལ་འཁྲུངས། བྱིས་པའི་དུས་ནས་