[A:105a]ཤེས་པ་སོགས་མངོན་པར་མཁྱེན་པ་མངའ། རྒྱུད་བླའི་འགྲེལ་བཤད་ཆེན་མོ་མཛད་པ་ན། ས་གཡོ་བ་དང་རྗེ་བཙུན་གྱི་བྱིན་གྱིས་བརླབས་པའི་མཚན་མ་བྱུང་། གྱ་
གསུམ་པ་ལ་མངོན་དགའ་ཆོས་རྫོང་དུ་ཕེབས་ཆོས་རྣམས་ལྷུག་པར་རྩོལ་བཞིན་པའི་ངང་ནས་མེ་ཕོ་སྤྲེའུ་ལ་ཚོང་འདུས་ཡངས་པ་ཅན་དུ་ཐེགས་ཏེ། སྤྲུལ་སྐུ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་
པ་བཞི་པ་ཕེབས་པ་ལ་དཔལ་མཁའ་སྤྱོད་པའི་ལུགས་ཀྱི་རིམ་ལྔ། ཕྱག་ཆེན། རླུང་སེམས། གཉིས་མེད་སྦྱོར་དྲུག་བེར་ནག་ཅན་གསན་ཅིང་ཕྱིས་མཁའ་འགྲོ་རྒྱ་མཚོའི་དབང་རྒྱུད་འགྲེལ་
ཕག་མོ་སྙིང་ཐིག་རྣམས་གསན། སྤྱིར་བླ་མ་དྲུག་ཅུ་རྩ་དྲུག་མངའ། སྤྲུལ་སྐུ་རིན་པོ་ཆེ་ལ་ཤ་ཝ་རའི་སྦྱོར་དྲུག་རྒྱུད་གསུམ་གསང་བ་གནང་། བསྙེན་པར་རྫོགས་པའི་མཁན་པོ་མཛད།
དེ་ནས་མངོན་དགའ་ཆོས་རྫོང་དུ་སྤྲུལ་སྐུ་རིན་པོ་ཆེ་ལ་སེམས་འབྲེལ་བསྐོར་སོགས་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་། སྦྱོར་དྲུག་གི་ཁྲིད་ཡིག་དང་ཕར་ཕྱིན་ཊཱིཀ་ཆེན་མཛད། གྱ་
བདུན་པ་ལ་ཡང་དགོན་ཕོ་བྲང་དུ་བཞུགས་ཏེ་ཆོས་རྗེ་ལོ་ཆེན་ལ་རྡོ་རྗེ་སྙིང་འགྲེལ་གྱི་བཤད་པ་གནང་། དགུ་བཅུ་པ་མེ་མོ་གླང་གི་ལོ་ཟླ་བ་བཅུ་གཅིག་པའི་ཉེར་བརྒྱད་ལ་སྐུའི་བཀོད་པ་བསྡུས་སོ༎