[A:104b]ཀུན་བཟང་རྩེ་བ་ལ་རྒྱུད་འགྲེལ་གནང་། དོན་གཅིག་པ་ལ། སྟག་ལུང་པར་གདན་དྲངས་ཏེ། ཕན་ཡུལ་གྱི་དེའུ་གོང་དུ་ཕེབས་པའི་ཉིན་བདུན་གྱི་བྲག་ལོགས་ལ་ཤཱཀྱ་ཐུབ་པའི་སྐུ་སྐུ་ཆོས་སེར་པོ་མནབས་
པ་གཟིགས། ཆོས་རྗེ་ངག་གི་དབང་ཕྱུག་ལ་དུས་འཁོར་སོགས་གནང་། རོང་པོ་ཆེན་པོ། ཀོང་པོ་ཐང་མགོན་པ། འབའ་རོམ་པ་སོགས་དགེ་བཤེས་མང་པོ་ལ་ཆོས་གསུངས། རྭ་སྒྲེང་དུ་ཐེགས་པས་
འཇམ་རྡོར་གྱི་སྐུ་དེ་ཡེ་ཤེས་ཀྱི་སྐུ་དངོས་སུ་གཟིགས། དོན་གསུམ་པ་ལ་ལྗང་ཕུ་བཀྲ་ཤིས་དགོན་པར་ལོ་གཅིག་གི་བར་དུ་སྐུ་མཚམས་ལ་བཞུགས་པས་ད་ལྟར་གྱི་སྣང་བ་འདི་ཐམས་ཅད་འོད་གསལ་
འབའ་ཞིག་ཏུ་འཆར་བར་འདུག་གསུང་། སྟག་ལུང་པས་ཞུས་ཏེ་དུས་འཁོར་བཀའ་འགྲེལ། འཁྲུལ་འཁོར་བཅུ་གཅིག་གི་ནང་བཤད། རེད་མདའ་བའི་རྩོད་ལན་རྣམས་མཛད། དོན་བདུན་པ་ལ་
ཡིད་བཟང་རྩེར་སྐུ་མཚམས་དམ་པོ་ལ་བཞུགས་པའི་ཁོངས་སུ་མཆོད་རྟེན་ཆེན་མོ་གྲུབ་ནས། ཚོང་འདུས་ཡངས་པ་ཅན་དུ་ཕེབས་ཏེ། ཆོས་ཀྱི་རྗེ་སྤྱན་སྔ་རིན་པོ་ཆེ་ལ་སེམས་འབྲེལ་སྐོར་ཕྲན་དང་བཅས་
པ་གནང་། སྨོན་ཐང་དུ་སྐུ་མཚམས་དམ་པོ་ལ་བཞུགས་པའི་ཁོང་ནས་ཆོས་མང་དུ་གནང་། གོ་ལུང་པར་འཁྲུངས་པ་སོགས་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་མིག་དང་། གཞན་གྱི་སེམས་