[A:106a]ཐུགས་སྦྱངས། གསང་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན། ཆོས་རྒྱལ་གྲགས་པ་འབྱུང་གནས་པའི་གཙུག་རྒྱན་དུ་བཞུགས་ནས་ས་ཕོ་རྟ་ལ་བཙན་ཐང་དུ་དབུས་ཕྱོགས་ཀྱི་སྡེ་སྣོད་
འཛིན་པ་ཕལ་མོ་ཆེ་ལ་བོད་དུ་བྱུང་ངོ་འཚལ་གྱི་དབང་དང་། རྒྱུད་བཤད་སྒྲུབ་སྐོར་དང་བཅས་པ་གནང་བས་བཙན་ཐང་དབང་མངས་སུ་གྲགས། ཡོན་དུ་གསེར་གྱི་ཕུང་པོ་ཆེན་པོ་བྱུང་བས་གཅིག་ཀྱང་མ་གོད་པར་
དམར་ཁམས་པ་དང་ངོར་ཆེན་པ་ལ་ཕུལ་ནས། རྗེ་འདིའི་ཞབས་ལ་གཏུགས་ཏེ་གངས་ཅན་ན་མཆོག་གི་བླ་མ་ཁྱེད་ཉིད་ལས་ལྷག་པ་མ་རྙེད་པས་ཚེ་གཅིག་ལ་སངས་རྒྱ་བས་མན་ངག་སྦྱོར་བ་ཡན་ལག་དྲུག་རྫོགས་པ་ཅིག་ཞུ་ཞེས་
གསུང་བ་ལ་མན་ངག་མཐའ་དག་རྫོགས་པར་གནང་། གསན་མ་ཐག་ཁམས་སུ་བྱོན་ཏེ་བུག་སྒོ་འདག་སྦྱར་ཅན་ཞིག་ཏུ་ཇི་སྲིད་འཚོའི་བར་དུ་སྒྲུབ་པ་སྙིང་པོར་མཛད་པ་ལ་ཐུགས་ཐག་བཅད་ནས་གཞན་ལ་ཆོས་གསུང་བ་
སོགས་ཡེ་མ་གནང་བར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་སོ༎ སྟག་ལུང་པ། སྟག་ལུང་པ་ནི། ས་ཕོ་ཁྱི་ལ་འཁྲུངས། བླ་མ་མང་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་གསན། སྒྲུབ་རྒྱུད་ཀྱི་གདམས་པས་
ཕྱུག ཁྱད་པར་དུ་འགོས་ལོ་ཙཱ་བ་གདན་དྲངས་ཏེ། སྦྱོར་དྲུག་གི་ཁྲིད། རྒྱུད་འགྲེལ་གྱི་བཤད་པ་སོགས་སེམས་འགྲེལ་གྱི་སྐོར་ཕྲན་དང་བཅས་པ། འཕགས་སྐོར། ཡེ་ཤེས་ཞབས་ལུགས། མཚན་བརྗོད།