[A:106b]རྣམ་སྣང་མངོན་བྱང་། ཞི་བྱེད། སྤྱོད་ཡུལ། རྒྱུད་བླ་མ་རྣམས་གསན། རྒྱལ་བའི་གསུང་རབ་མཐའ་དག་ལ་མཆོག་ཏུ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར། ཕྱོགས་ཀུན་ཏུ་སྙན་པར་གྲགས། ལྗང་གི་རྒྱལ་
ཁམས་ཡན་ཕྲིན་ལས་ཀྱིས་ཁྱབ། སྡེ་སྣོད་འཛིན་པ་ཕལ་མོ་ཆེ་ཞབས་དྲུང་དུ་ལྷགས་པ་ན་མཁྱེན་པའི་གཏིང་མི་དཔོགས་པར་ཞུམ། དགུང་ལོ་དོན་དགུའི་བར་དུ་བསྟན་པ་དང་འགྲོ་བ་ལ་ཕན་པ་ཆེ་བར་མཛད་དོ༎ ༎ ཆོས་རྗེ་རིན་པོ་ཆེ་ནམ་མཁའ་བློ་གྲོས།
ཆོས་རྗེ་རིན་པོ་ཆེ་ནམ་མཁའ་བློ་གྲོས་ནི། ཡུལ་ཡར་ཀླུངས་དགེ་ར་སར་ཡབ་རྡོ་རྗེ་པདྨ་རྒྱལ་པོ་དང་ཡུམ་ལྷ་མོ་སྐྱིད་ཀྱི་སྲས་སུ་ཆུ་མོ་ལུག་ལ་འཁྲུངས། གཡེ་བའི་རྐུན་མས་གདན་དྲངས་ཚེ་ཉི་ཞུར་གྱི་སྟེང་དུ་སྤྱན་རས་གཟིགས་
བཞུགས་པ་ཞལ་གཟིགས། དགུང་ལོ་དགུ་པ་ལ་རྩེ་ཐང་དུ་ཆེན་པོ་ཚུལ་བློ་བ་ལས་རབ་ཏུ་བྱུང་། སྟོན་ཤཱཀ་པ་དང་བློ་རྒྱལ་བ་ལས་ཕར་ཚད་ལ་སྦྱངས། བཅུ་པ་ལ་ཀརྨ་པ་དེ་
བཞིན་གཤེགས་པ་ལ་ཆོས་དྲུག་གསན། འབྲས་སྤུངས་སུ་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པ་དང་རབ་མཆོག་པ་ལས་དཀའ་བཞི་དང་དབུ་མ་གསན་ཅིང་སྦྱངས།