[A:126b]ན། སྐྱེས་སྟོབས་ཀྱི་ཐུགས་རབ་ཆེ་ཞིང་སྐུ་མཆོག་ཏུ་མཛེས། ཡབ་དང་ལྷ་ཁང་སྟེངས་པ་སངས་རིན་པ་ལ་རྙིང་མའི་དབང་པོ་གསན། དགུང་ལོ་དགུ་ལ་དབང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས། སློབ་དཔོན་ཐང་
ཆེན་པ་ཚུལ་ཁྲིམས་རྒྱལ་མཚན་ལས་དགེ་བསྙེན་མནོས་མཚན་བསོད་ནམས་རྒྱལ་མཚན་དཔལ་བཟང་པོར་གསོལ། བཅུ་དྲུག་པ་ལ་རྩེས་ཐང་དུ་གོང་མ་གྲགས་པ་འབྱུང་གནས་པའི་གཟིམས་དཔོན་མཛད།
བཅུ་དགུ་པ་ལ་གོང་མས་སྣེ་གདོང་ཀ་བཞི་བར་བསྐོས། དེའི་ཚེ་དམར་སྟོན་རྒྱལ་མཚན་འོད་ཟེར་ལ་ཀྲྀ་ཡ་ས་མུ་ཙྪ་སོགས་དབང་རྒྱ་མཚོ་དང་། ཞྭ་ལུ་བ་གྲགས་པ་རྒྱལ་མཚན་ལ་དུས་འཁོར་ཡོ་ག་རབ་འབྱམས་སོགས་
དབང་མང་པོ་དང་། པཎ་ཆེན་ནགས་ཀྱི་རིན་ཆེན་ལ་དུས་འཁོར་གྱི་དབང་དང་སྦྱོར་དྲུག་གི་ཁྲིད་རྡོ་རྗེ་ཕྲེང་བ་སོགས་དང་། བླ་བྲང་བ་ཉི་མ་རྒྱལ་མཚན་དང་བསོད་ནམས་དཔལ་འབྱོར་ལ་གཤེད་དམར་གསང་འདུས་རྡོ་རྗེ་ཕྲེང་བ་སོགས་དང་
རྗེ་འགོས་ལོ་ཙཱ་བ་ལ་སྦྱོར་དྲུག་གི་ཁྲིད་སེམས་འགྲེལ་སྐོར་ཕྲན་དང་བཅས་པ་དང་། བྱང་ཆུབ་དཔལ་བ་ལ་རྔོག་ཆོས་དང་། རྒོད་ཕྲུག་པ། སྒོ་མོ་བ་བཟང་པོ་དཔལ། མཁན་ཆེན་བྱང་བཟང་པ།