R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 127b
[A:127b]མང་དུ་བསྩལ། ཞེ་གསུམ་པ་ཙ་རིར་ཐེགས་ཏེ་ཚོགས་འཁོར་མཛད་པས་མཚན་ལྡན་ཐོད་པའི་སྟེང་དུ་རྡོ་རྗེ་རྣལ་འབྱོར་མ། ཨེ་ཡིག་གི་རྣམ་པར་གཟིགས། སྒམ་པོ་མཇལ་ནས་སླར་ཚོང་འདུས་ཡངས་པ་ཅན་དུ་ཕེབས།
སྤྱན་སྔ་རིན་པོ་ཆེ་ལ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་ཆོ་ག་ཕལ་མོ་ཆེའི་ཕྱག་ཁྲིད་ཕུལ། སློབ་དཔོན་ཡེ་ཤེས་རྒྱ་མཚོ་བ། ཆོས་རྗེ་ནམ་པ། ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ། ཞྭ་དམར་ཅོད་པན་འཛིན་
པ་རྣམས་སྤྱན་སྔ་རིན་པོ་ཆེའི་བླ་མར་སྤྱན་དྲངས་པ་ལ་ཆོས་མང་པོ་གསན། དྲུག་ཅུ་པ་ལ་ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ། ཆོས་རྗེ་ནམ་པ། མཁན་ཆེན་འགྲོ་བཟང་སྙིང་པོ་རྣམས་ལ་མཁན་སློབ་ཞུས་ནས་
བསྙེན་པར་རྫོགས། རེ་ལྔ་པ་ལ་སྣེ་གདོང་རྩེར་བྱོན་ནས་མགོན་ཁང་སྟེངས་སུ་བཞུགས། གསང་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན། ཐུགས་དམ་རྟོགས་པ་མངོན་དུ་གྱུར། གང་དང་གང་དུ་བཞུགས་པ་དེ་དང་དེར་མངོན་པར་དབང་
བསྐུར་བ་རྒྱ་མཚོ་ལྟ་བུ་དང་ཟབ་རྒྱས་ཀྱི་ཆོས་ལྷུག་པར་བསྩལ་བས་སྡེ་སྣོད་འཛིན་པ་མང་པོ་དབང་གི་ཆུ་བོས་སྨིན་པ་དང་གྲོལ་བར་མཛད། རེ་བདུན་པ་ལ་ཆོས་རྗེ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་བས་གདན་དྲངས་