R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 128a
[A:128a]པ་ལ་སྤྱོད་རྒྱུད་དཀྱིལ་འཁོར་བཅུ་གཉིས་དང་། ཀྲྀ་ཡ་ས་མུ་ཙྪ་དང་། མདོ་དབང་ཆེན་མོ། སྒྱུ་འཕྲུལ་ཞི་ཁྲོ་སོགས་གསར་རྙིང་གི་དབང་མང་པོ་དང་། དཔལ་ལྡན་བླ་མའི་དུས་འཁོར་ཊཱིཀ་
ཆེན་དང་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་བཤད་དང་ཁྲིད་སོགས་གནང་། རྗེ་བཙུན་མ་སྒྲོལ་མ་རྡོ་རྗེ་དང་བཅས་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་སོགས་ཡི་དམ་གྱི་ལྷ་མང་པོའི་ཞལ་གཟིགས། རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་ལ་ཡང་
ཆོས་མང་དུ་གསན། དཔལ་ཡེ་ཤེས་དབང་པོའི་སྡེ་ལ་ཆོས་རྣམས་གཏད་དེ། དོན་གཅིག་པ་མེ་མོ་ལུག་གི་ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ལ་སྐུའི་བཀོད་པ་བསྡུས་སོ༎ དམ་པ་འདི་ལ་བདག་གིས་འཇམ་དཔལ་
གྱི་ལྟ་འདོད་མདོར་བསྟན་དང་དབང་མདོར་བསྟན་གྱི་དཀའ་འགྲེལ་སཱདྷུ་པུ་ཏྲས་མཛད་པ་སོགས་དང་། པཎ་ཆེན་ནགས་ཀྱི་རིན་ཆེན་ནས་བརྒྱུད་པའི་དུས་ཀྱི་འཁོར་ལོའི་དབང་མནོས་སོ༎ རྒྱལ་སྲས་གཞོན་དབང་བས་ཡིད་བཟང་རྩེར་
བཞུགས་ཏེ། རྒྱུད་བཤད་དང་ཁྲིད་ཀྱིས་གཞན་དོན་ཆེར་མཛད། རྩེས་ཐང་བསམ་གཏན་གླིང་དུ་སྒྲུབ་གྲྭ་ཡང་བཙུགས་སོ༎ ཆོས་རྗེ་ལྷ་ལུང་བས་ལྷ་ལུང་དུ་དབང་རྒྱུད་བཤད་ཁྲིད་ཀྱིས་གདུལ་བྱ་མང་བོ་རྗེས་སུ་