R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 141b
[A:141b]འཆི་མེད་མཛོད་ལ་འགྱུར་མཆན་མཛད་ནས། སྒྲ་སྙན་ངག་གི་སྲོལ་ལེགས་པར་བཙུགས། འཕགས་པ་རིན་པོ་ཆེས་ཀྱང་། སྡེ་སྣོད་འཛིན་པ་ཤོང་ལོ་ཙཱ་བའི་སྙན་དུ་གསོལ་བ། ཞེས་པའི་ཕྲིན་ཡིག་མཛད་
པ་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པར་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་པར་དཀའ་ལ་ཚིག་བརླིང་ཞིང་། སྡེབ་སྦྱོར་དབྱིངས་ཆེ་བས་ཆེན་པོ་རྣམས་ཀྱང་ཉམས་སུ་ལོན་དཀའ་བས། སྔོན་
བྱུང་བའི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་། ལོག་པ་དང་། རྣམ་གྲངས་གཞན་དང་། ཕྱོགས་རེ་བ་དང་། ཐལ་བར་བསྒྱུར་བ་ལ་སོགས་པ་དེ་དག ཁྱེད་ཀྱི་ལེགས་པར་ཁོང་དུ་ཆུད་ཅིང་མཐའ་གཅིག་
ཏུ་ངེས་ཏེ། ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་གར་མཐོང་བས། དགེ་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས། ཞེས་རབ་ཏུ་བསྔགས། སྒྲ་བསྒྱུར་རྣམས་ཀྱི་གཙུག་
གི་ནོར་བུར་གྱུར་ཏོ༎ དེ་ལ་དེ་ཉིད་ཀྱི་དབོན་པོ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པས་གསན་ཏེ། དེ་ནི་འཕགས་པ་རིན་པོ་ཆེའི་སློབ་མའི་ཐུ་བོར་གྱུར་ཅིང་། སེ་ཆེན་རྒྱལ་པོས་ཀྱང་བླ་མར་བཀུར་བ། གཞི་འགྱུར་