R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 141a
[A:141a]དཔེ་དང་གསེར་སྲང་ལྔ་དར་ཡུག་བཅུ་རྣམས་གནང་སྟེ། རྟེན་འབྲེལ་ཡོད་པས་དོ་ནུབ་རྗེ་བཙུན་གོང་མའི་གཟིམས་ཁང་དཔེ་ཁང་དུ་ཉོལ་ལ་སོང་ཞེས་གསུངས་ནས་བརྫངས་སོང་། ཤོང་གི་ཐུགས་དགོངས་ལ་
སྐྱེས་སྟོབས་ཀྱི་བློ་གྲོས་ནི་ཕུན་སུམ་ཚོགས། སྦྱོར་བྱུང་གི་ནན་ཏན་ནི་མཆོག་ཏུ་གྱུར་ན། ལེགས་བཤད་གསར་བ་མང་དུ་བསྒྱུར་བར་ཅི་སྟེ་མི་ནུས་སྙམ་དུ་དགོངས་ཏེ། འཕགས་པའི་གཟིམ་གཡོག་པ་མདོ་སྨད་པ་བློ་
གྲོས་རྒྱལ་པོ་དང་འགྲོགས་ནས་བལ་ཡུལ་དུ་བྱོན་ཏེ། པཎྜི་ཏ་མ་ཧཱིནྟྲ་བྷ་དྲས་དབང་བཟང་པོའི་དྲུང་དུ་སྒྲ་སྙན་ངག་སྡེབས་སྦྱོར་ཟློས་གར་མངོན་བརྗོད་ལ་བྱ་བར་མཛད་ནས་ས་སྐྱར་བྱོན། འཕགས་པ་རིན་པོ་ཆེའི་
བཀའ་བཞིན་རྒྱུད་འགྲེལ་ཤོང་འགྱུར་མཛད། སླར་ཡང་རྡོ་རྗེ་གདན་དུ་བྱོན་ནས་མ་ཧཱ་བོ་་དྷི་ལ་མཆོད་པ་དང་བསྐོར་བ་མཛད། པཎྜི་ཏ་ལཀྵྨཱིཾ་ཀ་ར་སྤྱན་དྲངས་ནས། དཔག་བསམ་ཁྲི་ཤིང་། ཀླུ་ཀུན་
ཏུ་དགའ་བའི་ཟློས་གར། སྙན་ངག་མེ་ལོང་། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ། འཇམ་དཔལ་གྱི་བསྟོད་པ་པྲྀཏྟ་མཱ་ལ། ཙནྡྲ་པའི་མདོ་ལ་སོགས་པ་སྔོན་མ་འགྱུར་བ་བསྒྱུར།