[A:142b]ཞིང་། སྐྱི་སྟོན་པ་ལ། ཀུན་མཁྱེན་ཆེན་པོས་གསན་ཏོ༎ ཡང་ལོ་མཆོག་པ་མཉམ་གུང་སྣང་གི་བཅོམ་ལྡན་ལྷ་མོ་མཛེས་པས་ཀྱང་གསན་ཏོ༎
དཔང་ལོ་ཙཱ་བ།
སྟག་སྡེ་པའི་སློབ་མ་དཔང་ལོ་ཙཱ་བ་ནི། ལ་སྟོད་ལྷོའི་སྤྱང་ལུངས་
ཀྱི་འུམ་བུ་གྱམ་དུ་མེ་ཕོ་བྱི་བ་ལ་འཁྲུངས། གདུང་དཔང་། ཡུམ་སྔ་མོ་ནས་གྲོངས་ཏེ་ལུག་གི་འོ་མས་བསོས་པས་ལུ་གུ་ཞེས་པར་གྲགས། ཁོ་བོ་བའི་འོ་མས་བསོས་ན་ལེགས་པ་ལ་བླུན་པ་རྣམས་ཀྱིས་ལུག་
གི་འོ་མ་བྱིན་པས་བློ་གྲོས་ཀྱི་ཕྱེད་འགྲིབ་ཏུ་བཅུག་གསུང་། གྲུབ་ཆེན་ཨོ་རྒྱན་པས་བུ་ཆུང་དེ་ལ་དགེ་བཤེས་ཆེན་པོ་ཅིག་འོང་བས་འདི་བྱིན་གསུང་ནས་ཇ་གསོལ་འཕྲོ་གསོལ་ཞལ་དང་བཅས་པ་བསྐུར།
ལོ་ལྔ་པ་ལ་རྒོད་ཚང་བའི་གདན་ས་བ་བྱང་གླིང་པ་ལས་དགེ་བསྙེན་མནོས། མཚན་བློ་གྲོས་བརྟན་པར་བཏགས། བདུན་པ་ལ་མཁན་ཆེན་གསེར་ཁང་པ་དང་མེ་སྟོན་འདུལ་འཛིན་ལས་རབ་ཏུ་བྱུང་། ཡབ་
ཀྱིས་ཀྱང་དགེ་སློང་བྱས་ཏེ་བྱང་ཆུབ་སེངྒེ་ཞེས་བཙུན་པར་གྲགས་སོ༎ བཅུ་པ་ལ་མདོ་རྩ་བྱ་ཊཱི་ཀ་དང་བཅས་པ་ཁྱི་བདུན་གྱིས་བདས་ཀྱང་ཐོན་པ་བྱུང་། སྔོན་ཚེ་སྦྱངས་པས་སྐྱེ་བ་འདིར༎ གཞུང་རྣམས་