R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 143a
[A:143a]རྩེད་མོའི་ཞོར་ལ་ཤེས༎ གསུངས། གྲོགས་ཞིག་གིས་ཆུ་ལ་ཁུར་བས་ཁྱེད་སྟོབས་ཆེ་སངས་རྒྱས་ཀྱི་བསྟན་པ་རངས་པོ་ཁུར་བས་ཐེག་འགྲོ་བར་འདུག་གསུངས་པས་དེས་འཐབས་སྐད་དོ༎ བཅུ་གསུམ་པ་ལ་ཚ་
སྣར་སྟག་སྡེ་བའི་དྲུང་དུ་བྱོན། ལོ་དྲུག་བར་མ་ཆད་དུ་བསྟེན་ནས་ཕར་ཚད་མངོན་སུམ། དབུ་མ། ཁྱད་པར་དུས་འཁོར་ལ་སྦྱངས་པས་བུམ་པ་གང་བྱོའི་ཚུལ་དུ་མཁས་པར་མཁྱེན་ནས་ཕྱི་ནང་གཞན་གསུམ་དོན་
སྟོན་པའི་རྒྱུད་འགྲེལ་ཚིག་དོན་རབ་བཤད་ནས། རྡོ་རྗེ་ཐེག་པར་བློ་ཕྱོགས་མཛད༎ གསང་བའི་དོན་སྟོན་བླ་མར་འདུད༎ བསམ་ཤིང་ཡང་བླ་མ་འདི་བཀའ་དྲིན་ཆེ། སྟག་སྡེ་པ་འདི་བཀའ་དྲིན་ཆེ།
སེངྒེ་རྒྱལ་མཚན་ནི་བཀའ་དྲིན་ཆེ། བཀའ་དྲིན་ཅན་གྱི་བླ་མ་ལ༎ གུས་པར་ཕྱག་འཚལ་སྐྱབས་སུ་མཆི༎ ཞེས་སོགས་ཀྱི་གསོལ་འདེབས་ཡང་མཛད། བཅུ་དགུ་པ་ལ་སྟག་སྡེ་བ་སྐུ་གཤེགས་ནས་མང་
མཁར་ཁྲ་ཚང་དུ་ལོ་མཆོག་པ་ལ་དུས་འཁོར་ཤོད་ལུགས། ཀ་ཙན། མེ་ལོང་། རོང་པ་ཤེས་རབ་སེངྒེ་ལ་དུས་འཁོར་རྭ་ལུགས། ས་སྐྱར་འཇམ་སྐྱ་བ་ལ་བརྟག་གཉིས་རྣམ་འགྲེལ་རིགས་གཏེར་གསན། ཉི་ཤུ་