R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 146a
[A:146a]འཇོག་པར་ཞུས་པས་གནང་སྟེ། སྟག་ལུང་པ་ནམ་མཁའ་དཔལ་བཟང་པོ་ལ་དུས་འཁོར་གྱི་དབང་རྒྱུད་མན་ངག་དང་བཅས་པ་གནང་ནས། སླར་དྭགས་པོར་དཔལ་ལྡན་བླ་མ་དམ་པའི་དྲུང་
དུ་ཕེབས་ཏེ་ཀ་ལཱ་པའི་ས་རིས་ཕུལ། གཙང་ཕྱོགས་སུ་བཞུགས་ནས་དགུང་ལོ་མཐོན་པོར་གྱུར་བ་ན་སྤྱན་སྔ་གྲགས་བྱང་བས་གདན་དྲངས་ནས། ཡར་ཀླུངས་གདན་ས་ཐེལ་གུང་ཐང་རྣམས་སུ་དུས་འཁོར་གཙོ་
བོར་གཏོན་པའི་ཆོས་ཀྱི་ཆར་གྱིས་མཁས་པ་མང་པོ་ཚིམ་པར་མཛད། གཡེའི་ཆབ་ཚན་ལ་བྱོན་དུས་ཐུགས་མཁྱེན་མང་དུ་གསུངས། སྟག་ཚང་། ཤངས། འུ་ཡུག མྱང་སྟོད་རྣམས་སུ་
དུས་འཁོར་ལ་སོགས་པའི་དབང་རྒྱུད་བཤད་དང་། སྦྱོར་དྲུག་སོགས་ཁྲིད་མང་དུ་གནང་། གསང་ཆབ་འཐུང་པ་ཙམ་གྱིས་ལྐུགས་པ་མང་པོ་བྱེ། ཞལ་མཐོང་བའམ། གསུང་ཐོས་པའམ། གསོལ་
རས་ཟོས་པ་ཙམ་གྱིས་ནང་ཐོན་པ་དང་བྱིན་བརླབས་ཞུགས་པ་མང་དུ་བྱུང་། གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད་ནས། དོན་བརྒྱད་པ་ལྕགས་ཕོ་སྤྲེའུ་མཆུ་ཟླའི་ཉེར་གཅིག་ལ་གཟིམས་ཁང་འོད་