R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 145b
[A:145b]དེ་ས་སྐྱར་བསྙེན་པར་རྫོགས། ཉེར་ལྔ་པ་ལ་ལོ་ཙཱ་མཁས་པར་མཁྱེན། དཔང་ལོ་ཞི་བར་གཤེགས་ཀྱི་བར་ཕྱི་བཞིན་འབྲངས་པས་དུས་འཁོར་སོགས་དེ་ཉིད་ལ་མངའ་བའི་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུད། དེ་ནས་
བུ་སྟོན་རིན་པོ་ཆེ། ཆོས་རྗེ་བླ་མ་དམ་པ། རྒྱལ་སྲས་ཐོགས་མེད་པ་རྣམས་ལས་རྒྱུད་སྡེ་རྒྱ་མཚོའི་དབང་རྒྱུད་མན་ངག་དང་བཅས་པ་གསན་ཞིང་ཐུགས་ཉམས་སུ་བཞེས་པས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་
པོར་གྱུར་ནས་ཀུན་གྱིས་གྲུབ་ཆེན་དུ་མངའ་གསོལ། རྒྱལ་སྲས་ཐོགས་མེད་པས་ལོ་ཆེན་འདི་ལ་ཞལ་ཟས་ཀྱིས་བསྙེན་བཀུར་ན་མུ་གེའི་སྐལ་བ་ལས་ངེས་པར་ཐར་བར་འདུག་གསུང་པ་ཐོས་པ་གང་དུ་བཞུགས་ཀྱང་བསྙེན་
བཀུར་གྱི་མཚོ་བརྡོལ་བ་བྱུང་། ཆུ་ལ་མི་བྱིང་། བུག་པ་ཆུང་ངུ་ལའང་སྐུ་བདེ་བར་ཤོང་། དབང་བསྐུར་མཛད་དུས་ཁང་བུ་ཆུང་ངུར་མི་མང་པོ་དོག་པ་མེད་པར་ཤོང་བ་སོགས་རྫུ་འཕྲུལ་དུ་མ་བསྟན། མངོན་པར་མཁྱེན་པ་
ཐོགས་མེད་དུ་མངའ། དཔལ་ལྡན་བླ་མ་དམ་པའི་བཀས་བོ་དོང་ཨེའི་གདན་ས་ཡང་མཛད། དཔལ་ལྡན་བླ་མའི་ཕྱག་ཕྱིར་སྟག་ལུང་དུ་བྱོན་པས། སྟག་ལུང་པར་རཏྣཱ་ཀ་རས་ལོ་ཆེན་འདི་ངེད་ཀྱི་དབོན་པོའི་སློབ་དཔོན་དུ་