[A:147b]སྟག་ལུང་པ་ནམ་མཁའ་དཔལ་བཟང་པོ་ནི། ལོ་ཆེན་བྱང་རྩེ་ལས་དུས་འཁོར་གསན་ནས། སྦྱོར་དྲུག་བསྒོམས་དུས་མནལ་ལམ་དུ་འོ་མ་ཕོར་གང་གསོལ་ཕྲོ་ལ་ལས་པ་གཅིག་བྱུང་བས། ལོ་གཅིག་བསྒོམས་ན་མཆོག་
འགྲུབ་པ་འདུག་སྟེ་གསུང་། བསྐྱེད་རིམ་བདེ་མཆོག་དང་། རྫོགས་རིམ་སྦྱོར་དྲུག་ལ་མཛད། འཕགས་པའི་ཡུལ་དུ་བདག་ཅག་སྔོན༎ ལོག་པར་ལྟ་བས་སེམས་འཁྲིད་ཀྱང་༎ དུས་ཀྱི་འཁོར་ལོ་དང་མཇལ་བས༎
ཕྱིས་ནས་གསང་རི་ཁྲོད་འདི་རུ༎ ཡན་ལག་དྲུག་ལྡན་ཉམས་སུ་བླངས༎ ཞེས་གསུངས། སྦྱོར་དྲུག་གི་ཁྲིད་ཡིག་དང་། རྩིས་ཡིག་སོགས་མཛད། ཟབ་ལམ་གྱི་གདམས་པས་གདུལ་བྱ་རྣམས་བསྐྱངས།
སྲས་དྷརྨཱེ་ཤྭ་ར་ཡིན་པར་ཞལ་གྱིས་བཞེས་སོ༎ ཡང་མངོན་གྲྭ་བའི་སློབ་མ་འཇིམས་པ་རིན་ཤེས་བོ་དོང་རིན་རྩེ་དང་། ལྷོ་པ་གྲུབ་སེང་གཉི་ག་ལ་གསན། དེ་ཉིད་དང་རྗེ་བཙུན་རྒྭ་ལོ་གཉི་ག་ལ་
དབུས་པ་དགེ་སློང་ཚུལ་ཁྲིམས་དར་གྱིས་རྭ་འབྲོའི་སྐོར་ཚད་བར་གསན། དེ་ལ་དུས་འཁོར་བ་ཤར་པ་ཡེ་ཤེས་རིན་ཆེན་གྱིས་གསན། དེ་ལ་བྱང་སེམས་རྒྱལ་ཡེ་དང་མཁས་བཙུན་ཡོན་ཏན་རྒྱ་མཚོས་