R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 149b
[A:149b]པ་ལ་མ་གཏད་པར་ཐུགས་དམ་ལ་གཙོ་བོར་མཛོད་ཅིག་གསུངས་བ་དང་། ཐུགས་ཀྱི་དམ་པ་བསྐྱེད་དེ་བཟླས་པ་དང་། འཐབ་པ་དང་། བསྐྲད་པ་ལྟ་བུ་བྱས་ཀྱང་ཞུམ་པ་མེད་དོ༎ དེ་ནས་འདོལ་ཆུང་ན་བཞུགས་པའི་
ཚེ་ཅུང་ཟད་བསྙུང་བ་ན། མགྲོན་བཙུན་རྒྱ་དཔེ་ཀོང་རྩེ་གང་གྱུར་བ་ཅིག་གི་པོ་ཏི་བསྟན་ཏེ། ཁྱོད་མཁས་ན་འདི་དག་གི་དོན་སྨྲ་བར་གྱིས་ཤིག་ཟེར་བས་ང་ནི་ན་བས་ཁམས་ཟི་བའི་ཕྱིར་རེ་ཤིག་སྡོད་
ཅིག་གསུངས་པ་ན། མིག་སྔར་དུ་དཔེ་རིས་ཡག་ཡུག་ཤད་ཤུད་བྱེད་ཅིང་། ཡི་གེ་ལ་ནི་མ་བརྟེན་པར༎ དམ་པའི་དོན་ནི་རྟོགས་མི་འགྱུར་༎ ཞེས་རྒོལ་བ་དང་། མཚན་མོ་གཅེར་བུར་
བྱས་ནས་ལྷ་ཁང་གི་རྫའི་དུམ་བུ་མགོར་བཞག་ནས། ང་ནི་རྫ་ཁྱུང་མགོ་ཞེས་བསྡིགས་པ་སོགས་བྱེད་དོ༎ རེས་འགའ་ནི་བཤེས་གཉེན་གྱི་ཚུལ་ལྟ་བུར་བསྒྱུར་ཏེ། སྐྱེ་བ་མང་པོ་ནས་གྲོགས་སུ་
གྱུར་པ་ཡིན་ལ། སྐྱེ་བ་འདི་དང་འདིར་ཡང་ལེགས་པ་འདི་ལྟ་བུ་བསྒྲུབས་སོ༎ ཞེས་སྐྱེ་རྒྱུད་སྣ་ཚོགས་ཀྱི་གླེང་གཞི་སྟོན། རེས་འགའ་ནི་གཙུག་ལག་ཁང་གི་བདག་པོ་བཅོལ་ཏེ། བདག་གི་