R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 150a
[A:150a]གཙུག་ལག་ཁང་འདིའོ༎ སྔོན་གྱི་རབས་ནི་འདི་འདྲའོ༎ ཕྱིས་ཀྱི་རྒྱུད་ནི་འདི་འདྲའོ་ཞེས་གཏམ་སྣ་ཚོགས་སྟོན་ཅིང་། ཁྱོད་ཀྱང་བདག་དང་མཐུན་པར་བྱས་ཏེ་འདི་འདྲ་
བའི་བདག་པོ་བྱ་བར་རིགས་སོ་ཞེས་སྟོན་ཏོ༎ རེས་འགའ་ནི་མཁས་པའི་གཟུགས་སུ་བསྒྱུར་ཏེ། གཞུང་ལུགས་ནི་འདི་འདྲའོ༎ སྔོན་ནི་འདི་འདྲར་གྱུར་ཏོ༎ ཕྱིས་ནི་འདི་འདྲར་འགྱུར་རོ༎ ཁྱོད་ཀྱང་
འདི་ལྟར་བྱ་བར་རིགས་སོ་ཞེས་སྟོན་ཏོ༎ རེས་འགའ་ནི་གྲུབ་པ་ལྟར་བཅོས་ཏེ་རྫས་དང་སྨན་དང་སྔགས་ནི་འདི་འདྲའོ༎ འདི་ལྟ་བུ་བསྟེན་ན་འདི་འདྲར་འགྱུར་རོ༎ ཞེས་འཆད་ཅིང་། རེས་འགའ་ནི་བྱའི་གཟུགས་
སེ་བོ་ཆེན་པོ་མིའི་སྐད་དུ་སྨྲ་བར་གྱུར་ཏེ་བརྩེ་བརྩེ་ལྟར་འབྲམ་དུ་འདུག་ནས། ཐོ་རངས་ཀྱི་ཚེ་འདབ་ཤོག་རྡེབ་པའི་སྒྲ་དང་བཅས་པས། ཟླ་འོད་གཞོན་ནུ། སེངྒེ་རྒྱན་མཚན། འོད་ཀྱི་སྙེ་མ་
ཞེས་འབོད་ཅིང་། ཡར་ལ་ལོང་ཅིག ལྟ་རྟོག་མཛོད་ཅིག ཐུགས་དམ་མཛོད་ཅིག གཞུང་ཤོད་ཅིག ཅེས་ཆོས་ལ་བསྐུལ་བ་ལྟར་འཆོས་པ་ལས། ཐར་བར་གཤེད་དམར་