[A:151b]ལོ་ཙཱ་བ་ལ་མན་ངག་ཟབ་ཆོས་མང་པོ། ཆོས་རྒྱལ་འཕགས་པ་ལ་བདེ་དགྱེས། མཱ་ཡཱ་གུར་མགོན་རིགས་གཏེར་རྣམས་གསན། གཞན་ཡང་ལྕགས་ཨ་མོ་གྷ་དང་། སྲིན་པོ་རི་པ་མཁན་པོ་འཇམ་དང་། སེངྒེ་ཟིལ་གནོན་ལ་
སོགས་པ་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཕྱུག་པར་གྱུར། སྦྱོར་དྲུག་ལ་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། རྡོ་རྗེའི་ཚིག་གྲུབ་ཅིང་མངོན་པར་ཤེས་པ་ཐོགས་མེད་དུ་མངའ། སྲས་རྒྱ་གར་གྲགས་པ་དང་
སློབ་མ་གཞོན་ནུ་རྒྱལ་མཚན་གཉིས་ཧོར་དམག་གི་ཁྱེར་བ་ལ། སྒྲོལ་མ་བཙོན་འདོན་གྱི་ཆོ་ག་མཛད་པས་སྒྲོལ་མའི་སྐུ་ནམ་མཁའི་ཁྱོན་གང་བ་ཞིག་གི་ལྟེ་བའི་ཁུང་ན་བྱིས་པ་གཉིས་པོ་མགུ་རུག་གེ་འདུག་པ་གཟིགས།
ཞག་གསུམ་ནས་སྲས་ཐར་ལ་ཟླ་བ་གཅིག་ནས་སློབ་མས་ཀྱང་ཐར་རོ༎ སྣར་ཕུའི་དགོན་པ་མཛོ་སྒང་གི་བུ་གཅིག་པོ་སོགས་ལྐུགས་ཕྱེ་མང་པོ་ལ་གསོ་བརྗེས་མིང་བཏགས་པས་དེ་མ་ཐག་འགྲོ་འདུག་སྨྲ་བརྗོད་ཤེས་པར་གྱུར།
ཐར་པ་གླིང་དུ་སྟོན་པ་གཞོན་བརྩོན་ཞེས་པ་རྨ་འབྲས་ཀྱི་སྣག་ཁྲག་ཟགས་པས་གློ་སྙིང་མཐོང་བ་ཞིག་ལ་སྟོན་པ་རྭ་རྩེར་མིང་བཏགས་ནས། སྟོན་པ་གཞོན་བརྩོན་པ་རྭ་རྩེར་རེང་། སྟོན་པ་རྭ་རྩེས་མི་ཁར་ཐོ་བསད་