R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 151a
[A:151a]འགྲེལ་ཆེན་མན་ངག་དང་བཅས་པ། བདེ་མཆོག་གཞུང་ཕྲན་དང་བཅས་པ་གསན། བདེ་མཆོག་གི་དབང་ཞུས་པའི་ཚེ་དཀྱིལ་འཁོར་གྱི་དབུས་ནས་ངོ་མཚར་བའི་སྒྲ་ཐོས། ཤངས་
ཁྲག་ཟགས་པས་ནད་དང་སྡིག་སྒྲིབ་བྱང་ཏེ་སྐུ་ལུས་བདེ་ཞིང་ཤེས་རབ་གསལ་བར་གྱུར། ས་སྐྱ་པཎྜི་ཏ་གན་བྱང་ཐང་དུ་ཆོས་གྲྭ་ལ་བྱོན་པའི་ཚེ་མཇལ་བས། རིགས་བཟང་ལན་པོ་གཞོན་ཞིང་ཤེས་རབ་ཆེ་བས་
ཀུན་མཁྱེན་ལྟ་བུ་ཅིག་བསླབ་པར་བྱའོ་ཞེས་ཞལ་གྱིས་བཞེས། གཞུ་ཨོ་རྒྱན་དུ་ནག་པོ་པའི་དབང་སྒྲུབ་སྐོར། རྣམ་འཇོམས། ཨ་ར་པ་ཙ་ན་གསན། རྐྱང་འདུར་དུ་ཆོས་རྗེ་འཇམ་གསར་བའི་དྲུང་དུ་ཕར་ཚད་
སོགས་མཚན་ཉིད་ཕྱོགས་ཀྱི་བཀའ་བསྟན་བཅོས་དུ་མ་དང་། ཁྱད་པར་དུ་དུས་འཁོར་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་མན་ངག་གི་བཀའ་མ་ལུས་པར་མནོས་པས་མཁས་པའི་མཆོག་ཏུ་གྱུར། གཤེད་དམར་དང་སྒྲོལ་མ་ཡང་
གསན། ཆུ་ཞིང་དུ་རྭ་འབུམ་སེང་གི་དྲུང་དུ་དུས་འཁོར་སོགས་ཆོས་སྐོར་མ་ལུས་པ་གསན། ལྕེ་མདོ་སྡེ་སེང་གེ་ལ། ཡོ་ག་དང་གསང་འདུས། པཎ་ཆེན་བི་བྷཱུ་ཏི་ཙནྟྲ་ལ་ཤ་ཝ་རའི་སྦྱོར་དྲུག ཁྲོ་ཕུ་