R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 152b
[A:152b]སོ༎ དེའི་སྲས་ཆེ་བ་རྒྱ་གར་གྲགས་པ་རབ་ཏུ་བྱུང་བའི་མཚན་ནམ་མཁའ་དཔལ་ཞེས་པས་དུས་འཁོར་ལ་སོགས་པ་ཡབ་ཀྱི་ཡོན་ཏན་རྣམས་ཐུགས་སུ་ཆུད་ནས་དབེན་དམར་གྱི་གདན་ས་བཟུང་། གཙུག་ལག་ཁང་བརྩིགས་ཆོས་
ཀྱི་བྱ་བ་རྒྱ་ཆེན་པོ་མཛད་ནས་མྱ་ངན་ལས་འདས་སོ༎ བླ་མ་ཤེས་རབ་སེངྒེ། སྲས་གཉིས་པ་བླ་མ་ཤེས་རབ་སེངྒེ་ནི་ལྕགས་མོ་ཕག་ལ་འཁྲུངས། ཡབ་ཀྱི་དྲུང་དུ་དུས་འཁོར་ལ་སློབ་གཉེར་མཛད་དེ། དགུང་ལོ་བཅུ་དགུ་པ་ལ་གསུངས།
ཉི་ཤུ་པ་ལ་ཐར་པར་བྱོན་ནས་དཔྱལ་བའི་ཆོས་རྣམས་ཞུས། ཉེར་གཉིས་པ་ལ་སྟག་སྡེ་སེང་རྒྱལ་གྱི་དྲུང་དུ་བྱོན་ཏེ་ལོ་ལྔའི་བར་དུ་ཕར་ཚད་ལ་སྦྱངས། ཁྱད་པར་དུ་ཚད་མ་ལ་མཁས་པར་གྱུར་ཏེ་དབུས་
གཙང་དུ་གྲྭ་བསྐོར་ཡང་མཛད། སུམ་ཅུ་པ་ལ་ཆོས་རྒྱལ་འཕགས་པ་དང་མཁན་པོ་མཆིམས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ཆོས་མང་དུ་ཞུས། མན་ལུངས་པ་ལ་དུས་འཁོར་གྱི་ཟབ་གནད་
མང་པོ་གསན། ལོ་གྲགས་པ་གདན་དྲངས་ནས་རྡོ་རྗེ་ཕྲེང་བའི་དབང་དང་། འཇམ་དཔལ་རྩ་རྒྱུད་ལ་སོགས་པའི་རྒྱུད་དང་། སྨན་དཔྱད་ཡན་ལག་བརྒྱད་པ་གསན། དབེན་དམར་གྱི་གདན་ས་བཟུང་ནས་