[A:153a]དུས་འཁོར་གྱི་བཤད་པ་ཡུན་རིང་དུ་མཛད། གཞན་ཡང་ཐར་པ། ཁྲོ་ཕུ། བསམ་ཡས། སྟག་ལུང་། གཞུ་ཀུན་དྲ། ཤངས་རྩེ་གདོང་། སྟོན་མོ་ལུང་། གཡུས་དགའ་ལྡན་རྣམས་
སུ་ཆོས་མང་པོ་གསུངས། ཞེ་གཅིག་པ་ལ་དབེན་དམར་གྱི་གདན་ས་བླ་མ་རྡོ་རྗེ་རྒྱལ་མཚན་པ་ལ་གཏད་ནས། དམུ་རུ་ཕྱག་ཕབ་སྟེ་ཤངས་འབར་བཏབ་ནས་གཞན་ཕན་རྒྱ་ཆེར་མཛད། ཏི་ཤྲི་ཀུན་བློ་སོགས་ས་སྐྱ་བའི་
གདུང་རྒྱུད་མང་བོ་དང་། གཞན་ཡང་མི་ཆེ་བ་དང་མཁས་བཙུན་གྱི་སློབ་མ་མང་དུ་བྱུང་ཞིང་ཁྱད་པར་དུ་ལོ་ཙཱ་བ། ཡར། ཐར། དཔང་གསུམ། དཔལ་ལྡན་སེངྒེ། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་
འཕགས་འོད། དཔྱལ་ཨཱརྱ་སོགས་དུས་འཁོར་ལ་མཁས་པའི་སློབ་མ་མང་པོ་བྱུང་ངོ་༎ དེ་ལྟར་རང་གཞན་གྱི་དོན་མཐར་ཕྱིན་པར་མཛད་ནས་ཤིང་མོ་ཡོས་ཀྱི་ལོ་ལ་ཤངས་འབར་དུ་སྐུ་གཤེགས་སོ༎ སྲས་གསུམ་པ་སློབ་
དཔོན་རྣལ་འབྱོར་གྱིས་ཡུལ་འཁོར་བསྐྱངས། ཨ་ཀཱ་ར་ས་དྷི་སྐྱེ་མེད་གྲུབ་པ། སྲས་བཞི་པ་བླ་མ་ཨ་ཀཱ་ར་ས་དྷི་ཞེས་པ་སྐྱེ་མེད་གྲུབ་པ་ནི། རྟེན་དགེ་བསྙེན། ཡབ་ལས་དུས་འཁོར་རྭ་འབྲོའི་ལུགས་གསན་པས་མཁར་པར་མཁྱེན།