[A:153b]དཔྱལ་པ་དང་ས་སྐྱ་བའི་ཆོས་སྐོར་མ་ལུས་པ་མནོས། འཕར་སྤྲེལ་དུ་གཙོ་བོར་བཞུགས་ཏེ་སྦྱོར་དྲུག་ལ་ཐུགས་དམ་རྩེ་གཅིག་མཛད་པས་གྲུབ་པ་བརྙེས་ཏེ་མངོན་པར་མཁྱེན་པ་མངའ་བ་ཞིག་གོ།
རྡོ་རྗེ་རྒྱལ་མཚན།
དེའི་སྲས་བླ་མ་
རྡོ་རྗེ་རྒྱལ་མཚན་དཔལ་བཟང་པོ་ནི་ཆུ་མོ་ལུག་ལ་འཁྲུངས། འཇམ་དབྱངས་རིན་རྒྱལ་བ་དང་། སློབ་དཔོན་ཤེས་རྒྱལ་ལ་མཁན་སློབ་ཞུས་ནས་དགེ་ཚུལ་མཛད། བླ་མ་ཤེས་རབ་སེངྒེའི་དྲུང་དུ། དུས་འཁོར་སོགས་རོང་ལུགས་
ཀྱི་ཆོས་འཁོར་སྐོར་ཐམས་ཅད་ཞུས་པས་བུམ་པ་གང་བྱོར་མཁྱེན་ཅིང་ཁྱད་པར་དུས་འཁོར་ལ་མཆོག་ཏུ་མཁས་པར་གྱུར། བཅུ་དྲུག་པ་ནས་དབེན་དམར་གྱི་གདན་ས་བཟུང་། དུས་འཁོར་གྱི་བཤད་གྲྭ་བསྐྱངས། ཆོས་
ལུང་མཁན་ཆེན་དཀའ་བཞི་བ་དང་། བསོད་གྲགས་པ་ལ་མཁན་སློབ་ཞུས་ནས་བསྙེན་རྫོགས་མཛད། ཐར་ལོ་ལས་ཙནྟྲ་པ་བསླབས། རྒྱ་གར། སིཾ་གྷ་གླིང་། ཁ་ཆེའི་ཡི་གེའི་རིགས་ཐམས་ཅད་མཁྱེན།
མངོན་པ་དང་། སྦྱོར་དྲུག་དང་སྒྲུབ་ཐབས་མང་པོ་གསན། ལས་སློབ་ལ་འདུལ་མཛོད་གསན། མཛོ་བོ་ལྷས་པ་སངས་རྒྱས་སྒོམ་པ་ལ་སྒང་ལོ་ཙཱ་བ་ནས་བརྒྱུད་པའི་རྡོར་འཕྲེང་གི་དབང་། གསང་འདུས་