[A:154b]ལ་ཡང་། དབང་རྒྱུད་མན་ངག་མཐའ་དག་གསན། ཀུན་མཁྱེན་ཆེན་པོ་ལ་སྦྱོར་དྲུག་གསན། དྲང་བའི་དོན་དང་ངེས་པའི་དོན་གཉི་ག་ལ་མཁས་པ། གར་དབྱངས་ལ་སོགས་པའི་ཕྱག་ལེན་གྱིས་ཀྱང་གཞན་གྱི་ཡིད་
འཕྲོག་པས། དཔལ་ལྡན་བླ་མས་ངག་གི་དབང་ཕྱུག་གྲགས་པ་ཞེས་མཚན་བཏགས། གསང་ཕུ་བྲག་ནག་ཏུ་བཞུགས་པས་བྲག་ནག་པར་གྲགས། རྩིས་ལ་ཡང་ཤིན་ཏུ་བྱང་སྔགས་གར་སོགས་དཀྱིལ་འཁོར་གྱི་ཕྱག་ལེན་
གྱི་རྒྱུན་ཡང་ཕྱོགས་ཀུན་ཏུ་ཤིན་ཏུ་དར། དབང་རྒྱུད་མན་ངག་མཐའ་དག་གི་སྒོ་ནས་སློབ་མ་དུས་འཁོར་ལ་མཁས་པ་མང་པོ་ཐོན། རྒོད་ཕྲུག་ཆོས་རྗེས་སྦྱོར་དྲུག་གསན་དུས་ཤ་ཝ་ར་དབང་ཕྱུག་དངོས་སུ་གཟིགས། དུས་
འཁོར་སྐོར་གྱི་བརྩམས་ཆོས་མང་དུ་མཛད། མངོན་པར་མཁྱེན་པ་མངའ་ཞིང་གྲུབ་པ་བརྙེས། ཞལ་ནས་ཀྱང་། གཉིད་ཐམ་ཐུམ་ལོག་པའི་རྨི་ལམ་ན༎ བྱང་ཤམྦྷ་ལ་དེར་ཕྱིན་པ་རྨིས༎ རྒྱལ་པོ་འཇམ་
དབྱངས་གྲགས་པ་དང་མཇལ་བ་རྨིས༎ རྒྱུད་དུས་ཀྱི་འཁོར་ལོ་དེ་ཐོས་པ་རྨིས༎ ལྷོ་དཔལ་གྱི་རི་བོ་དེར་ཕྱིན་པ་རྨིས༎ གྲུབ་ཆེན་རི་ཁྲོད་དབང་ཕྱུག་དང་མཇལ་བ་རྨིས༎ སྦྱོར་བ་ཡན་ལག་དྲུག་ལྡན་