[A:155a]དེ་ཞུས་པ་རྨིས༎ རྨི་ལམ་བག་ཆགས་ཅིག་ཡིན་ཀྱང་ངོ་མཚར་ཆེ༎ ཞེས་གསུངས། བསམ་ཡས་སུ་སྐུ་གཤེགས་པའི་ཚེ་གཙུག་ཏོར་མངོན་པར་འཕགས་པ་ལས་བྱང་ཆུབ་ཀྱི་སེམས་དཀར་པོ་བུམ་
པ་གང་བ་ཙམ་ལྷུད་ཀྱི་བྱུང་ཞེས་གྲག་གོ། ཡར་ཀླུངས་པ་ཆོས་ཀྱི་རྒྱལ་མཚན་པ། དེའི་སློབ་མ་ཡར་ཀླུངས་པ་ཆོས་ཀྱི་རྒྱལ་མཚན་པ་ནི། དགེ་སློང་བྱང་སེམས་རྡོ་རྗེ་འཛིན་པ་ཆེན་པོ། དཀའ་ཆེན་བཞི་སོགས་སྡེ་སྣོད་མཐའ་དག་ལ་ལེགས་པར་
སྦྱངས། རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན། ཁྱད་པར་དུ་དབང་ཆེན་ཆོས་ཀྱི་དཔལ་བ། ངག་དབང་གྲགས་པ། ཞང་སྟོན་རྒྱ་བོ་གསུམ་ག་ལ་དབང་རྒྱུད་བཤད་མན་ངག་མཐའ་དག་དང་། རིན་ཚུལ་བ་ལ་སྦྱོར་དྲུག་
གསན་ཅིང་གྲུབ་ནས། བསམ་ཡས་ཀྱི་དབེན་གསན་འོད་གསལ་དཔལ་གྱི་བདེ་ཆེན་དུ་འཕྲིན་ལས་བསྐྱངས་པས་ཆོས་རྗེ་བསམ་ཡས་པར་གྲགས། དེའི་སློབ་མ་འཁྲུལ་ཞིག་པ་སྟེ་རོང་ལུགས་སོ༎ གྲུབ་ཆེན་མན་ལུང་གུ་རུ། གྲུབ་
ཆེན་མན་ལུང་གུ་རུ་ནི། མན་ལུངས་པ་དྲན་སྟོན་མཐའ་གྲལ་ཞེས་པ་གཞུང་ལུགས་དུ་མ་ལ་སྦྱངས་པ་མངོན་ཤེས་ཅན་དེས་དྲན་སྟོན་ཤེས་རབ་སེངྒེ་ལ་གསུངས་པ། ནུབ་ཕྱོགས་ནས་བུད་མེད་