[A:155b]པདྨ་ཅན་ཞིག་འོང་བས་དེ་རྗེས་སུ་ཟུངས་ཤིག དེ་ལ་བརྟེན་ནས་མ་འོངས་པའི་དུས་སུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན། ཞེས་དང་། ཚེ་གཞུག་རྒྱ་གར་དུ་སྐྱེལ་སྙིང་འདོད༎ འཁྱོལ་ན་འཁོར་
འདབ་ཅི་དགའ་གྱིས༎ ཞེས་དང་། པོ་ཏ་ལའི་ལམ་ཡིག་ཁྲོ་ཕུ་ལོ་ཙཱ་བའི་ཕྱག་ནས་བྱུང་བ་དེ་མ་འོངས་པ་ན་ཁོ་བོ་ལ་དགོས་པས་དཔེ་སྒམ་དུ་སྦོས་ཤིག ཅེས་གསུངས་ནས། ཡབ་དྲན་སྟོན་ཤེས་
རབ་སེངྒེ་དང་། ཡུམ་མ་ཅིག་པདྨ་རིན་ཆེན་ཞེས་པ་ལུང་བསྟན་པའི་མཚན་ཉིད་ཚང་བ་དེའི་སྲས་སུ་དྲན་སྟོན་མཐའ་བྲལ་ཉིད་སྐུ་སྐྱེ་བ་བཞེས་ཏེ། རོང་ཡུང་གི་སྟག་ལུང་དགོན་པར་ས་མོ་ཕག་གི་ལོ་
ལ་ས་གཡོ་བ་དང་བཅས་ཏེ་སྐུ་བལྟམས། ཡབ་ཀྱི་ཤེས་རབ་བསྐྱེད་པའི་ཆོ་ག་དང་དབང་གི་སྨིན་པར་བྱས་ཏེ། མཚན་མར་མེ་མཛོད་དུ་བཏགས། ལོ་དགུ་ནས་ཡབ་གཤེགས་ཏེ། གྱེ་རེ་ནས་
ལྷ་རིན་ཆེན་རྒྱལ་པོ་གདན་དྲངས། ལུག་ལོ་དཔྱིད་ཐའི་ཚེས་དྲུག་གི་ཉིན་སྔ་དྲོ་ཡབ་ཀྱི་གཤེགས་རྫོངས་བྱས། ཕྱི་དྲོ་ལྷ་སའི་དྲུང་དུ་མཁན་པོ་གམ་ཉག་པ་བཀྲ་ཤིས་སེངྒེ་། སློབ་དཔོན་རིན་ཆེན་རྒྱལ་མཚན་