[A:156b]བའི་ཕར་ཚད་ལ་སོགས་པ་མང་དུ་གསན་ཅིང་། ཁྱད་པར་དུ་སྦྱོར་དྲུག་འཆི་མེད་ཀྱི་རྩ་བ་ལག་ལེན་དང་བཅས་པ་ཟབ་ལམ་གྱི་གནད་མ་ལུས་པ་གསན་པས་ཐུགས་ལེགས་པར་ཚིམ། སྙེ་མོར་སྐྱེས་པ་དོན་གྲུབ་ལ་དགྱེས་རྡོར་གསན། བླ་
མ་ཐམས་ཅད་མཉེས་པ་གསུམ་གྱིས་མཉེས་པར་མཛད། མདོ་རྒྱུད་བསྟན་བཅོས་མཐའ་དག་ལ་མཁས་ཤིང་། རྒྱུད་ཀྱི་ངེས་དོན་ལ་མཆོག་ཏུ་མཁས་པར་གྱུར་ཏེ། མན་ལུངས་སུ་དུས་འཁོར་གཙོ་བོར་བསམ་གཏན་པའི་འདུས་པ་དང་
བྱམས་པའི་ཆོས་ལྔ་སོགས་གཞུང་ཆེན་མོ་རྣམས་དགེ་འདུན་མང་པོ་ལ་གསུངས། བོད་བྱོན་དུས་མི་བདེ་བས་ཐུགས་ཕྱུང་སྟེ་ཕག་རི་རིན་ཆེན་སྒང་དུ་བྱོན། ལྷ་རིན་ཆེན་རྒྱལ་པོ་ལ་མན་ལུང་ཕུལ་ནས་སྒྲུབ་པ་བྱེད་པར་ཞུས་པས་
བླ་མས་ཤོལ་བཏབ་ཀྱང་རླུང་སེམས་ལས་སུ་རུང་དགོས་པར་འདུག་གསུངས་ནས་སྡིངས་བོ་ཆེར་ལོ་བཞི་དང་ཟླ་བ་ཕྱེད་དང་བརྒྱད་ལྟོས་མེད་བཞིས་སྦྱོར་དྲུག་ལ། ཐུགས་དམ་རྩེ་གཅིག་ཏུ་མཛད་པས་རྡོ་རྗེའི་ཚིག་གྲུབ་སྟེ།
རྒྱལ་ཁམས་ཐན་པས་བསྲེགས་པ་ན། ཆར་ཕོབ་ཅིག་གསུངས་མ་ཐག་ཆར་ཆེན་པོ་བབ་པ་དང་། གངས་ལ་མེ་སྦར་བ་དང་། ཨ་རུ་ར་རློན་པ་འཕྲལ་ལ་ཕྱག་དུ་འབྱུང་བ་མཛད། དེ་ནས་ཚེ་གཅིག་