R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 157a
[A:157a]ལ་བྱང་ཆུབ་སྒྲུབ་པར་རྒྱ་གར་དུ་འབྱོན་པར་ཐུགས་ཐག་བཅད་ནས། ལམ་གྱི་བར་ཆོད་བཟློག་པའི་ཆེད་དུ་ཞི་བའི་སྦྱིན་བསྲེག་མང་པོ་མཛད། ཉེར་དྲུག་པ་མེ་བྱི་ལ་ལུགས་སྨད་ལྕང་གསར་
བ་བྱང་ཆུབ་དཔལ། རོང་གཡུང་གི་མདོ་མཁར་བ་རིན་བསོད། ལ་སྟོད་པ་འོད་ཟེར་སྙིང་བོ། མྱང་སྟོད་པ་བསོད་ནམས་མགོན་སོགས་ཕྱག་ཕྱིར་ཁྲིད་ནས་རྒྱ་གར་ལ་བྱོན་པས་ཚོལ་མིས་ས་སྐྱར་ཟིན་ནས་ལྡོག་པར་ཞུས་
ཀྱང་མ་གནང་བར་སྐྱི་རོང་དུ་འཕགས་པ་ཝ་ཏིའི་དྲུང་དུ་བྱོན། འཕགས་པའི་དབུ་ནས་མེ་ཏོག་གི་ཕྲེང་བ་འཕར་ཏེ་ཉིད་ཀྱི་དབུ་ལ་ཕོག ཞབས་ལ་གསེར་གྱི་མེ་ཏོག་གི་ཚེར་མ་ཟུག་སྟེ་ཁྲག་མང་པོ་ཟགས་པས་ངའི་སྒྲིབ་པ་རགས་
པ་ཟད་པ་ཡིན་གསུངས། བོང་ཙོག་ཁབ་ཀྱི་རྒྱལ་པོ་ཡང་དག་པའི་ལམ་ལ་བཀོད། དེ་ནས་བལ་བོར་ཕེབས་ཏེ་ཡེ་རང་དུ་གནས་པོ་ཨ་མ་ར་ཙིནྟ་ལ་བབས། འཕགས་པ་ཤིང་ཀུན་ཏུ་བྱོན་པའི་ཚེ་སྤྲེའུ་རྣམས་
ཀྱིས་སུ་ཤིང་མེ་ཏོག་ཕུལ། དེར་མཆོད་པ་མཛད་པས་ས་གཡོས། འཇམ་ལིར་བྱོན་པས་མར་མེ་རང་འབར། བྷུགྒཾ་དུ་བྱོན་པས་འཕགས་པ་གོམ་པ་གང་ཙམ་ནུར་ཏེ་བསུས། ཧཱུཾ་ཀ་རའི་ལྷ་ཁང་དུ་བྱོན་པ་