R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 164a
[A:164a]ས་ཐམས་ཅད་དུ་ཁྱབ། དེ་ནས་རྣམ་སྣང་བ་ཡོན་ཏན་རྒྱ་མཚོ་ལ་སྤྱོད་ཡུལ། དོན་གྲུབ་དཔལ་ལ་བརྟག་གཉིས། ཡབ་ལ་ཕྱག་རྡོར། གྲང་བོ་ལུང་བ་ལ་དོན་ཞགས། འཇམ་སྐྱ་ནམ་མཁའ་
དཔལ་ལ་རྣམ་འགྲེལ་གསན། དེ་ནས་ཁྲོ་ཕུར་འཆད་ཉན་མཛད་དེ་ཕར་ཚད་མངོན་སུམ་ལ་བཤད་པའི་རྐང་བཙུགས། ཉེར་གསུམ་པ་ལ་ཚོང་འདུས་འགུར་མོའི་བླ་བྲང་དུ། དཀའ་བཞི་བ་གྲགས་པ་གཞོན་ནུ། བྱང་
སེམས་བསོད་ནམས་གྲགས། བསོད་ནམས་བཟང་པོ་སྟེ་ཆོས་ལུང་མཁན་པོ་གསུམ་གྱིས་མཁན་སློབ་མཛད། དད་པའི་དགེ་འདུན་ཉེར་གཉིས་ཀྱི་དབུས་སུ་བསྙེན་པར་རྫོགས། མཁན་སློབ་ལ་མདོ་རྩ། སོ་ཐར་གྱི་
མདོ། ཀརྨ་ཤ་ཏཾ། བློ་སྦྱོང་རྣམས་གསན། དེ་ནས་ཐར་པ་གླིང་དུ་ཐར་ལོའི་དྲུང་དུ་ཟླ་བ་བཅུ་བར་མ་ཆད་དང་ལར་ལོ་བཞི་བཞུགས་ནས། ཀ་ཙན་གྱི་མདོ་བྱིངས་ཉེ་བསྒྱུར་ཨུ་ཎ་དང་། ཨ་མ་ར་ཀོ་ཥ་རྣམས་
སཾ་སྐྲི་ཏའི་སྐད་དུ་ཐུགས་འཛིན་མཛད་ནས། དེ་རྣམས་འགྲེལ་པ་དང་བཅས་པ་ལ་ལེགས་པར་སྦྱངས། རྒྱ་གར་ཤར་ནུབ། ཁ་ཆེ། སིངྒྷ་ལ། སིནྡྷུ། རྒྱ་མཚོ་མཐའ་ལ་སོགས་པའི་ཡི་