R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 163b
[A:163b]བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ལ་མཁས་པར་གྱུར་ནས། ཁྲོ་ཕུར་བཤད་གསར་མཛད་དེ་སྡེ་སྣོད་འཛིན་པ་རྣམས་རིགས་པས་ཟིལ་གྱིས་མནན། བོད་ན་ཀ་བ་མི་འགྲེམས་པ་ཅིག་ལ་ཤེས་རབ་ཆེ་བར་གྲགས། དེ་ནས་
མདོ་རྩ་དང་མེ་ཏོག་ཕྲེང་རྒྱུད་གསན་ཅིང་གཙོ་བོར་རྣམ་ངེས་ལ་སྦྱངས་པས་སྡེ་བདུན་མདོ་དང་བཅས་པ་ཚེགས་མེད་དུ་མཁྱེན། དེ་ནས་མངོན་པ་ཀུན་ལས་བཏུས་ལ་སྦྱངས་ཏེ། སྔ་དྲོ་གཞུང་མདའ་ཚད་ཤོག་བུ་
བདུན་དང་ཊཱི་ཀཱ་ཤོག་བུ་ལྔ་ཐུགས་སུ་འཛིན་པ་དང་། ཕྱི་དྲོ་བཤད་པ་རྩལ་བཤད་དུ་གསན་པས་ཟླ་བ་གཅིག་ལ་མཁས་པའི་ཕུལ་དུ་ཕྱིན། སྤྱོད་འཇུག་དང་རིགས་ཚོགས་སོགས་དབུ་མའི་སྐོར་རྣམས་ཀྱང་གསན་
ཡང་རྩེ་བ་རིན་ཆེན་སེངྒེ་ལ་བདེ་མཆོག་སོགས་སྔགས་ཆོས་མང་པོ་གསན། ཉེར་གཅིག་པ་ལ་ཡབ་དང་ལྷན་ཅིག་དབུས་གཙང་གི་ཆོས་སྡེ་ཕལ་ཆེ་བར་གྲྭ་བསྐོར་ལ་བྱོན། དབུས་ནས་ཤཱཀ་གཞོན། བཙན་དགོན་
པ་བ། ཁ་རག་བྱང་གཞོན། གཙང་ནས་དཔལ་ལྡན་སེངྒེ། འཇམ་སྐྱ་སོགས་ལུང་རིགས་ཀྱིས་བཏུལ་བས་ཕ་སྟོན་བུ་སྟོན་དུ་གྲགས་ཤིང་ཁྱད་པར་དུ་རྗེ་འདི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས་མཁས་པའི་གྲགས་པས་