R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 165b
[A:165b]ཐོའི་དཔེ་ཆུང་དང་འཁྲུལ་འཁོར་གྱི་གནད་ལ་སོགས་པ་རྣམས་རྒྱུད་འགྲེལ་དང་བཏུན་གྱིན་ཕྱག་ལེན་མཛད། འོ་སྐོལ་སྔགས་པ་ཀུན་ལ་ཕྲ་མོའི་ལག་ལེན་ཚུན་ཆད་ལ་དྲི་གཏུག་བྱེད་པ་ཅིག་རང་མ་བྱུང་ན། ཨོཾ་སོབ་སོབ་རེའི་དགེ་བཤེས་ལ་
གཤའ་མ་མི་འཆི། དེས་ན་འདི་ལྟ་བུའི་རྒྱུད་ལ་སློབ་གཉེར་བྱེད་ན། ཁོལ་ཐོན་དུ་དཀའ་དཀའ་ལ་ནན་ཏན་ཆེན་པོ་འཚལ། མ་བདེ་བ་བྱུང་ན་དྲིས་ཤིག ཆོས་ཟབ་ལ་རྒྱ་ཆེ་བ་སངས་རྒྱས་རྣམས་ཀྱིས་གསུངས། སྡུད་བྱེད་རྣམས་
ཀྱིས་བསྡུས། པཎ་གྲུབ་རྣམས་ཀྱིས་བསྒྱུར། མཁས་པ་རྣམས་ཀྱིས་གཏན་ལ་ཕབ། བཤད་པའི་སྲོལ་མ་ཆག དབང་གི་ཆུ་བོ་མ་ནུབ། ལྷད་མ་ཞུགས། འདྲེས་མ་ཁྱེར། དམ་མ་ཉམས། བཀའ་རྒྱུད་
གྲུབ་ཐོབ་ཀྱི་ཟམ་མ་ཆད། བྱིན་བརླབས་ཀྱི་ན་བུན་མ་ཡལ། མདོ་རྒྱུད་འགྲེལ་བ་ཟབ་མོ་རྣམས་ཀྱི་ལྡེ་མིག སངས་རྒྱས་སྲས་བཅས་ཐམས་ཅད་ཀྱི་སྤྱི་ལམ་འདི་ལྟ་བུའི་ཆོས་བཤད་ཉན་བྱར་ཡོད་པ་ཚོགས་བསགས་པ་
ཡིན་པས་ད་ཆུད་མ་གསན། རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད་ཅེས་ནན་ཏན་ཆེན་པོའི་སྒོ་ནས་གསུང་ཞིང་། དཀའ་བའི་གནད་རྣམས་ལ་དྲི་བ་ཞུས་པ་ལ་ཤིན་ཏུ་དགྱེས། ཛཱ་ལནྡྷ་རི་པའི་དངོས་སློབ་བི་བྷཱུ་ཏི་དཱ་ལ་