R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 167a
[A:167a]ལ་གཏུམ་མོ་དང་གེགས་གསེལ་དང་། བར་ཕུག་རོང་བ་གཞོན་ནུ་གྲུབ་ལ་བཀའ་གདམས་པའི་ལུགས་མང་པོ་གསན། སོ་གཅིག་པ་ལ་སྐུ་ཞང་གྲགས་པ་རྒྱལ་མཚན་པས་གདན་དྲངས།
ཞྭ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་ཕྱག་ཕབ་ནས་དཀའ་ཆེན་བཞི་ལ་བཤད་པའི་རྐང་མཛད་ནས་འཆད་ཉན་གྱི་གྲྭ་བཙུགས་པ་ན། གྲྭ་པ་འགའ་ཞིག་གིས་ཆགས་སྡང་གི་རྣམ་འགྱུར་མི་བཟད་པ་བསྟན་པ་
ཞི་བའི་ཆེད་དུ་དབུ་མཛད་བཀྲ་ཤིས་བཟང་པོ་ལ་ཕར་ཕྱིན་གསན། འོན་ཀྱང་ད་དུང་མ་བཟློགས་པར་སྤྱན་ལ་རྡེའུ་འཕེན་པ་སོགས་བྱས་པས། རང་ལ་མི་ཕན་གཞན་ལ་གནོད་པ་ཡི།། བདག་གི་འཆད་
ཉན་འདི་འདྲས་ཅི་བགྱི་ལགས༎ ཟ་འདུག་འགྲོ་འཆག་ལ་སོགས་ཅི་བྱས་ཀྱང་༎ གཞན་གྱི་ཁོང་ཁྲོའི་རྒྱུ་རུ་འགྱུར་ལ་སྐྱོ༎ ད་ནི་ཚེ་ཡང་རིང་དུ་མི་གནས་ཤིང་༎ ནང་གི་དབང་པོ་ཡོངས་སུ་མི་གསལ་
ལ༎ སྐྱེ་འཆིའི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ༎ ཅུང་ཟད་ཤེས་པ་ཉམས་ལེན་དུས་ལ་བབ༎ གསུངས་ནས་རེ་ཤིག་ཐུགས་ལས་ཆུང་ངུ་ལ་གཞོལ་པ་ན། སྐུ་ཞང་ཆེན་པོ་ཏབ་ཏབ་སོགས་