[A:167b]གྱུར་ནས་མ་རུངས་པ་རྣམས་སྲོག་གི་ཆད་པ་ལ་གཏུགས་པ་ན། དེ་རྣམས་ཀྱང་འགྱོད་པས་ནོངས་པ་ཆགས་ཤིང་རྗེ་འདི་ཁོ་ན་སྐྱབས་སུ་བསྟེན་ཏེ་མགྲིན་གཅིག་ཏུ་གསོལ་བ་བཏབ་པས། དེ་རྣམས་ཀྱི་འཇིགས་སྐྱོབ་དང་བསྟན་
པ་ལ་དགོངས་ནས་སླར་ཡང་ཆོས་ཀྱི་འཁོར་ལོ་ཟླ་མེད་པ་བསྐོར། དེ་དུས་གྲུབ་ཐོབ་ཟེ་དམར་བ་ལ་བདེ་མཆོག་གསན། དེ་ནས་སྔོན་ཇོ་བོ་རྗེས་བྱིན་གྱིས་བརླབས་པའི་བསྟི་གནས། དེའི་མཆོད་རྟེན་ཡང་
བཞུགས་པའི་ཞྭ་ལུ་རི་ཕུག་ཏུ་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ་བཞེངས། སྔར་རོང་པ་རྡོ་རྗེ་རྒྱལ་མཚན་ལ་དུས་འཁོར་གསན་པའི་དུས་སུ་གསང་འདུས་ཤེས་པ་ཞིག་བྱུང་ན་སློབ་ཞུས་པས།
ངེད་ཀྱི་མཆེད་གྲོགས་སློབ་དཔོན་འཕགས་པ་བྱ་བ་འཕགས་ཡོག་དུས་གསུམ་ལ་མཁས་པ་ཞིག་མ་དག་ཕྱོགས་ན་ཡོང་གསུངས་སྟེ་རྩད་བཅད་པས། ཕྱིས་སྐྱི་མཁར་ན་བཞུགས་པ་གསན་ནས་གདན་འདྲེན་བཏང་བ་ན། མནལ་ལམ་དུ་བུད་མེད་
གཅིག་གིས་བུམ་པ་ཆུའི་ཅུང་མ་གང་བ་གཅིག་དང་། རྣལ་འབྱོར་བ་གཅིག་གི་རྡོ་རྗེ་དྲིལ་བུ་གཅིག་ཁྱེར་བྱུང་ནས། འདི་པ་སྔར་ཁྱེད་རང་གི་ཡིན་པ་ན་ནིང་ནས་བྲག་རམ་ན་ཡར་ལ་འཕྱིན་ད་ཁྱེད་རང་ལ་གཏོད་པ་ཡིན་ཟེར་ནས་