[A:15a]འོད་བཀྱེ་བས་བྱང་སེམས་མང་པོ་འཁོར་དུ་བསྡུས། བདུད་ཀྱི་གནས་ཐམས་ཅད་མུན་པར་མཛད་པས། བདུད་སྡིག་ཅན་གྱི་དམག་མི་འཁྲུགས་ཕྲག་གཅིག་གིས་ཆོ་འཕྲུལ་
སྣ་ཚོགས་པ་བསྟན། མཚོན་ན་སྣ་ཚོགས་པ་འཕངས་པ་མེ་ཏོག་གི་ཆར་དུ་གྱུར། བདུད་ཀྱིས་རྒྱུ་བསོད་ནམས་ལ་སྐུར་པ་བཏབ་པས། དཔང་པོར་ས་འདི་ཡོད་དོ་ཞེས་ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱ་ས་
ལ་བསྣུན་མ་ཐག་སའི་ལྷ་མོས་དཔང་པོ་བྱས་པས་བདུད་ཕམ། ཉི་མ་ནུབ་པ་ན་གཤིན་རྟེ་གཤེད་ཀྱི་སྐུར་བསྟན་ནས། སྡིག་ཅན་མ་ཧེ་ལ་གཞོན་པ་བརྫིས་ཏེ་བཏུལ་ནས་གཤིན་རྗེ་གཤེད་དམར་ནག་
གི་རྒྱུད་གསུངས། ནམ་གྱི་ཆ་སྟོད་ལ་བསམ་གཏན་བཞི་དང་། གུང་ལ་མངོན་ཤེས་ལྔ་བསྐྱེད་དེ། སྔར་ནམ་མཁའ་གང་བའི་སངས་རྒྱས་རྣམས་ཀྱིས་བསྟན་པའི་རྡོ་རྗེའི་རྣལ་འབྱོར་ཐུགས་ཉམས་སུ་བཞེས་
པས། སྐྱ་རེངས་འཆར་བའི་ཚེ་ཟླ་བ་ལ་དུས་མེ་ཞུགས་པ་དང་དུས་མཚུངས་པར་མངོན་པར་རྫོགས་པར་སངས་རྒྱས། ས་འཚོ་མ་ལ་སྒྲ་གཅན་འཛིན་བཟང་པོ་བཙས། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཀུན་དགའ་
བོ་བདུད་རྩི་ཟས་ཀྱི་བུར་སྐྱེས། ས་གཡོས། འཇིག་རྟེན་སྣང་བར་བྱས། བདུད་རྣམས་ཕྱོགས་ཀུན་ཏུ་བྱེར་ཏེ་ཞག་བདུན་དུ་ཕྲད་པར་མ་གྱུར། དེ་ནས་ཤིང་ཏཱ་ལ་བདུན་ཙམ་དུ་འཕགས་ཏེ། ལམ་གྱི་རྒྱུད་ནི་