R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 14b
[A:14b]དཀའ་བ་སྤྱད། དགུང་ལོ་སོ་ལྔ་པ་དགུན་ཟླ་ར་བའི་ཚེས་བརྒྱད་ལ་ཕྱོགས་བཅུའི་སངས་རྒྱས་ཏིལ་གྱི་གང་བུ་བཞིན་ནམ་མཁའ་གང་བ་འདུས་ནས་སེ་གོལ་གཏོགས་ཏེ། བསམ་གཏན་འདི་ནི་རྣམ་དག་མིན༎
མཐར་ཐུག་ཐོབ་བྱེད་ཀྱང་འདི་མིན༎ ཁྱོད་ཀྱིས་འོད་གསལ་དམིགས་བྱ་སྟེ༎ ནམ་མཁའི་ངོས་ལྟ་མཆོག་ཡིན་ནོ༎ ཞེས་དབྱངས་གཅིག་གིས་གསུངས་པས། ཏིང་ངེ་འཛིན་དེ་བཏང་ནས་བཞེངས་ཏེ་རྣམ་སྨིན་
གྱི་ལུས་དེར་བཞག་ནས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་མངོན་བྱང་ལྔས་སངས་རྒྱས་ཏེ། རི་རབ་ཀྱི་རྩེ་མོར་རྣལ་འབྱོར་གྱི་རྒྱུད་གསུངས་ནས། སླར་རྣམ་སྨིན་གྱི་ལུས་ལ་ཞུགས་ཏེ་ཟས་བསོད་པ་བཞེས་པས་
སྟོབས་རྒྱས་ཤིང་སྔོན་ལས་མཛེས་པས་དགེ་སྦྱོང་མཛེས་པར་གྲགས། དགུང་ལོ་སོ་དྲུག་པ་ས་ག་ཟླ་བའི་ཉའི་ཉིན་སྡེ་ཅན་གྱི་བུ་མོ་ལེགས་སྐྱེས་མས་བ་སྟོང་བཞོས་པ་ལན་བཅུ་དྲུག་ཏུ་ཉིང་ཁུར་བྱས་པའི་
འོ་ཐུག་ཕུལ། དེ་གསོལ་མ་ཐག་མཚན་དཔེ་མཆོག་ཏུ་གསལ་ཞིང་འོད་འདོམ་གང་པས་བརྒྱན་པར་གྱུར། ཉིན་ཕྱེད་ན་རྩྭ་ཚོང་བཀྲ་ཤིས་ལ་རྩྭ་བླངས་པ་བསྣམས་ཏེ། རྡོ་རྗེའི་གདན་ཆོས་ཀྱི་གཡེ་དགོན་
པར་བྱང་ཆུབ་ཀྱི་ཤིང་དྲུང་དུ་གཤེགས་ནས། རྩྭའི་རྩེ་མོ་ནང་དུ་བསྟེན་པའི་སྟེང་དུ་ཞལ་ཤར་དུ་ཕྱོགས། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲང་། ཕྱག་མཉམ་གཞག་མཛད་ནས་བཞུགས་ཏེ།