[A:169b]པར་བསྐུལ་བ་ན། རྗེ་བཙུན་གྲགས་པ་རྒྱལ་མཚན་དང་ལན་གཉིས་མཇལ། རྗེ་བཙུན་གྱི་ཞལ་ནས་འདིའི་འགྲེལ་པ་བྱེད་པ་དེ་ལེགས། སྤྱིར་བཀའ་བསྟན་བཅོས་རྣམས་དང་། ཁྱད་པར་གསང་སྔགས་ཀྱི་བསྟན་བཅོས་ལ་ཞུས་
དག་དང་ཡང་སྒོས་སུ་དེའི་བསྟན་བཅོས་ལ། ང་རང་གི་ཞུས་དག་ཅིག་བྱ་སྙམ་ནའང་མ་གྲུབ། ད་ཉིད་ཀྱིས་ཞུས་དག་གྱིས་ཤིག་ཅེས་ལུང་བསྟན་པས། ག་རེ་བླ་མ་རྗེ་བཙུན་ཆེན་པོ་དང་མཇལ། ས་སྐྱ་པའི་ཆོས་རྣམས་དང་ཁྱད་པར་
བརྟག་གཉིས་ལ་ང་བས་རྒྱུད་ཐག་ཉེ་བ་དེང་སང་མེད་སྙམ་དུ་དགོངས། འགྲེལ་པ་བྱ་བར་ལུང་བསྟན་གོང་མའི་ཡིག་ཆ་རྣམས་ལ་དགག་སྒྲུབ་བྱ་བར་བཀས་གནང་ཡང་བཏང་སྙོམས་སུ་བཞག་ནས་ལུང་འགྲེལ་མཛད། སྐུ་ཞང་ཆེན་
པོའི་རྗེས་སུ་སྲས་ཀུན་དགའ་དོན་གྲུབ་གྱིས་སྦྱིན་བདག་བྱས་ནས། ཞ་ལུར་རྣལ་འབྱོར་རྒྱུད་ཀྱི་གཞལ་ཡས་ཁང་དུ་ལྷ་འབུམ་མཛད་དེ་དཀྱིལ་འཁོར་ལྔ་བརྒྱ་ལྷག་ལོགས་བྲིས་སུ་བྲིས། བསྟན་འགྱུར་བཞེངས་
ཏེ་དཀར་ཆག་མཛད། དབོན་ཆེན་རྒྱལ་བ་བཟང་པོས་ཤངས་སུ་གདན་དྲངས་ཏེ། མཆོད་རྟེན་དང་ལུགས་མའི་རྟེན་མང་པོའི་ཞལ་བསྐོས། སྤྱོད་རྒྱུད་ཀྱི་དཀྱིལ་འཁོར་བཞི་བཞི་བཅུ་ལྷག་