[A:170a]བྱ་རྒྱུད་ཀྱི་དཀྱིལ་འཁོར་སུམ་ཅུ་ལྷག་གི་ལྷ་འབུམ་མཛད་ནས་རི་མོར་བྲིས། རི་ཕུག་ཏུ་དུས་འཁོར་གྱི་སྐུ་རིན་པོ་ཆེ་ལས་གྲུབ་པ་སོགས་སྐུ་མང་པོ་དང་བཀའ་འགྱུར་དང་། བོད་ཀྱི་བསྟན་
བཅོས་ཀྱང་ཕལ་མོ་ཆེ་བཞེངས། རྒྱ་གར། རྒྱ་ནག བལ་པོ། ཧོར། ཡུ་གུར། སོག་པོ། འགའ། དབུས་གཙང་མངའ་རིས་ཁམས་ཀྱི་སློབ་མ་གྲངས་མེད་པ་སྨིན་གྲོལ་དུ་མཛད།
འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད། བསོད་ནམས་བློ་གྲོས་སྐུ་མཆེད། ཆོས་ལུང་མཁན་ཆེན་བསོད་ནམས་གྲགས། གུ་ཤྲཱི་ཆོས་གྲགས་དཔལ་བཟང་པོ། ལོ་ཙཱ་བ་བློ་གྲོས་དཔལ་སོགས་མཁས་བཙུན་གྱི་
སློབ་མ་མང་དུ་འདུས། དཀའ་ཆེན་བཞི། དབུ་སྤྱོད་རྣམས་ཀྱི་ཚིག་དོན་ལ་མཁས་པའི་སྟོན་པ་དང་། འཕགས་ཡོག་དུས་གསུམ། གུར་བརྟག་སམ་གསུམ། ལོ་ནག་དྲིལ་གསུམ། སྒྱུ་ཐོད་གདན་
གསུམ། དམར་ནག་འཇིག་གསུམ་སོགས་ལ་མཁས་པའི་ཕྱི་ནང་གི་རྡོ་རྗེ་སློབ་དཔོན་ཕེར་བ་དང་། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པའི་རྣལ་འབྱོར་པ་དང་། ཀུ་ས་ལི་ལ་སོགས་པའི་སློབ་མ་གྲངས་ཀྱིས་མི་ལང་པ་